| | e-texts navigator
|
103b1 གདངས་ཉིང།། རྒན་སྲ་བདེབ་པས་ཟད་ཅིང་བརྩལ།། གདུས་པའི་སྡུགས་རྣམས་རབ་ཏུ་ཟློས།། དེ་འདྲེའི་བུ་ཉིད་དགསལ་བ་ལས།། ཡགས་སེམས་དཔའི་ཏིང་འཛིན་པ་སྨྲ།། སེཾ་གླིང་པུང་བརྩོན་གང་ལ།། དབང་བ་སྐང་བླུན་བརླབ་བླ་གུལ་བདུག
103b2 བཟླས་པ་སྟོང་ཟག་ཟུག་ཏུ་བཟླས།། བྱས་པས་མཚན་མ་བཟང་པོ་མཐོང་།། ལས་ལ་སྦྱར་བ་ཤེས་པར་བྱ།། དེ་བ་ནག་པོ་གང་དང་གང་།། དེ་ལ་གཟུགས་བརྟན་བྱས་ནས་ནི།། མིང་དང་རུས་ནི་སྙིང་གར་གཞུག། དེ་ལོ་ཤེས་པ་རབ་བསྟིམས་ལ།། ལུག
103b3 པའི་མཚན་མ་བྱུང་བ་དང་།། དེ་ལ་གདབ་པའི་ལས་ཀྱང་བྱ།། དེས་ནི་ངེས་པར་རླག་པར་འགྱུར།། གདུག་པའི་སེམས་དང་བཅས་ནས་ནི།། སྙིང་གའི་འོད་ཟེར་དྲག་པོ་ཡིས།། རབ་ཏུ་ཐོས་ནས་བསྐུལ་བའི་ཚེ།། ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་རྣམས།
103b4 བདག་གིས་བཅོལ་བའི་ལས་རྣམས་ཀུན།། གང་ཡིན་གནས་སུ་ཕྱིན་པར་འགྲོ།། གདུག་པའི་རྫས་ནི་ཐམས་ཅད་ལ།། ཟླ་བ་གཟའ་ཡིས་ཟིན་དུས་སུ།། མཚོན་གྱིས་དབའ་བྱ་ཤ་ཟག་དང་།། འདྲེ་འབྲོས་ཐང་ཆུ་དེ་རྣམས་དྷར།། མེས་རོག་ཤིང་ཤུན་ནང་དུ
103b5 གཏུམ།། གསང་སྔགས་ཁྲི་ཕྲག་གསུམ་བཟླས་ནས།། དེ་བསྟན་མོད་ལ་བྲེད་ཅིང་བརྒྱལ།། འཇིག་རྟེན་ཁམས་སུ་འབྱེར་བར་འགྱུར།། ཞེས་གསུངས་སོ།། ཁྲོ་བོ་མི་གཡོ་མགོན་པོའི་རྒྱུད་ལས། དབྱེ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།།
103b6 དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས།། བུད་མེད་བུ་མེད་པ་ལ་བུ་བསླང་བ་ནི།། ཕྱི་མཆོད་ཕྲར་དགོད་ཚུལ་བཞིན་བྱ།། བུམ་པ་སྤོས་བདུག་རྒྱན་གྱིས་བརྒྱན།། སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ།། འབྲུ་ལྔ་སྙིང་པོ་ལྔ་ཡང་རྨུགས།།
103b7 གྲང་དཀྱིལ་དུ་བུམ་པ་བཞག། ཕུར་བ་དགོད་ཅིང་ལྷ་ཚོགས་བསྐྱེད།། ཕུར་པ་བྱིན་བརླབ་གཟུང་བཞིན་བྱ།། ལྕགས་སཱ་ལྔ་ཡི་ཕུར་པ་ལ།། བྱིན་རླབ་བདུན་བྱས་དབུས་སུ་དགོད།། བསྙེན་པའི་ཕུར་བ་སྤྱི་དང་མཐུན།། འདབ་ཀྱི་དུས་སུ་ཡུངས་ཀར
iiif viewer powered by OpenSeadragon
103a - 104a