e-texts navigator
Collection
Volume
Page
Wylie

101b1 བཔདྨ་དག་པ་ཡི་ཡང
101b2 འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཧོ་འཁོར་གྱི་ཚོགས།། རིན་ཆེན་བྱང་ཆུབ་སེམས་ཆེན་པོ།། ཁྲོས་པའི་སྐུ་རྣམས་བསྐྱེད་པའི་རྒྱུ།། གདུག་པ་མ་ལུས་བསྒྲལ་བའི་ཕྱིར།། ཁྲོས་པའི་སེམས་སུ་གྲུབ་མཛོད་ཅིག། ཧོ།། ཞེས་རྣམ་པར་བསྐུལ་ལོ།།
101b3 ཡང་དེའི་ཚེ་དྲེགས་པའི་ཚོགས་དང་མགོ་བརྙན་གྱི་ཚོགས་ཀྱི་མ་དང་བུ་མོའི་ཚོགས་ཐམས་ཅད་གཡེམས་པའི་སེམས་དང་ལྡན་པར་གྱུར་ཏོ།། དེ་ནས་ཡང་ཁྲོ་མོའི་རྒྱལ་མོ་བྱང་ཆུབ་སེམས་ལ་ཡབ་ཀྱིས་བསྐུལ་བ་གྲུ་འདིས་བསྐུལ་ལོ།། ཧཱུཾ་ཕ་དང་མ་དང་དགེའ་བའི་གྲོང་།
101b4 གདུག་པ་སྒྲོལ་བའི་བྱང་ཆུབ་སེམས།། གདོད་ནས་དག་པའི་གཞལ་ཡས་སུ།། ཁྲོས་པའི་ཆོ་གས་རྣམས་འབྱུང་བའི་དབྱིངས།། ཧོ་ཞེས་རྣམ་པར་བསྐུལ་ལོ།། དེ་ནས་ཡང་དེའི་ཚེ་ཁྲག་འཐུང་གི་རྒྱལ་པོའི་ཚོགས་ཡུམ་ལ་ཆགས་པའི་སེམས་དང་ལྡན་པར་གྱུར་ཏོ།།
101b5 དེ་ནས་བདེ་བའི་དཔལ་རྟག་ཏུ་ལྷན་ཅིག་ཏུ་བཞུགས་སོ།། ཁྲོ་བོ་གཤིན་རྗེའི་གཤེད་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་བྲག་འཐུང་གི་རྒྱལ་པོ་དེས།། གཤིན་རྗེའི་གཤེད་པོའི་དཀྱིལ་འཁོར་འདི་གསུངས་སོ།། གཤིན
101b6 གཤེད་པོའི་དཀྱིལ་འཁོར་ནི།། གྲུ་གསུམ་མཐིང་ནག་འབར་བ་ལ།། ཟུར་གསུམ་བེ་ཅོན་སྔོན་པོས་བརྒྱན།། དེ་ཡི་དབུས་སུ་བསམ་བྱ་བ།། གྲོ་ག་ཤིན་ཤུན་གང་ཡིན་ལ།། ཐར་ནུར་ལྡག་འདི་ཡིས་ནི།། རང་བྱུང་མེ་ཏོག་དང་སྦྱར་ནས།། གཟུགས་བརླན་སོང
101b7 བཞིའི་ཚད་དུ་བྲི།། དེ་ཡི་དབུས་སུ་རབ་བཞག་པ།། དེ་ཡི་སྙིང་གའི་གནས་སུ་ནི།། ས་བོན་བསམ་ལ་སྐུ་བསྐྱེད་དེ།། རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད།། ཡོངས་སུ་རྫོགས་པའི་སྐུ་དེ་ལ།། ཕྱི་ནང་གསང་བའི་དབང་ཡང་བསྦྱོར།། བྱིན་གྱིས་བརླབ་པའི
101b8 སྔགས་དག་ལ།། གསང་བའི་གནས་སུ་བྱིན་གྱིས་བརླབས།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་མཆོད།། རང་བཞིན་གནས་སུ་དེ་བཞུགས་པར།། ཡོངས་སུ་བལྟས་ལ་སྔགས་ལ་སྦྱར།། སྲས་ཀྱི་དམ་པར་རབ་བསྐྱེད་ལ།། བྱིན་བརླབས་དབང་ཡང་བསྲུང་བ




iiif viewer powered by OpenSeadragon

101a - 102a

Texts on this page

Gdg021.9 - khro bo gshin rje'i gshed po'i rgyud