e-texts navigator
Collection
Volume
Page
Wylie

100b1 རྒྱུད་ལས། དཀྱིལ་འཁོར་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། དམ་ཚིག་ཉམས་པ་བསྒྲལ་པའི་དོན་བསྟན་ཏེ།། དམ་ཚིག་ཉམས་དང་འཁུས་པ་དང་།། དམ་ལས་ལོག་ཅིང་ཆོས་ལ་རྒོལ།
100b2 དམ་མེད་དཀྱིལ་འཁོར་མ་མཐོང་དང་།། སེམས་ཅན་ཡོངས་ལ་འཚེ་བ་དང་།། དཀོན་མཆོག་སྐུ་དགྲ་ཡོངས་ལ་སྡང་།། དམ་མེད་ཚོགས་ཀྱི་སྤྱང་ཀི་བྱེད།། ཆོས་ལ་རྟོག་ཅིང་མཚང་ལ་རྒོལ།། ཁ་ལ་ཆོས་བྱེད་སྙིང་རྗེ་མེད།། ཁྲག་འཐུང་རྒྱལ་པོས་བསྐལ
100b3 པར་གསུངས།། དྲག་པོའི་གསང་སྔགས་དྲག་བཟླས་ཤིང་།། བཟླས་པ་བྱ་ཞིང་དུག་མེ་གཏོང་།། ཚིལ་ཆེན་ཞུན་དམར་རྩི་སྦྱར་ལ།། མཆོག་གི་རྐང་གིས་དཀྲུག་བྱ་ཞིང་།། ལེགས་པར་འདྲེས་པར་གྱུར་པ་དང་།། ཕོག་ཅིང་དཀྲུགས་ཏེ་བཟླས་པ་བྱ།། རྐེ
100b4 རྗེས་ཤོག་ཤོག་མིང་བྱང་ལ།། དེ་ལ་རབ་ཏུ་བྱུག་བྱས་ཏེ།། དམ་ཚིག་ཉམས་པ་དེ་ལ་བསྟིམས།། སྲས་ཀྱི་ཕུར་པ་དེ་ལ་གདབ།། བསྒྲལ་བའི་ཞིང་དུ་དེ་གཏོགས་སོ།། བཏབ་མ་ཐག་ཏུ་འཆི་བར་འགྱུར།། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་ལས། དམ་ཚིག
100b5 ཉམས་པ་བསྒྲལ་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། ཕྱུགས་ནད་བསྲུང་བར་བྱ་སྟེ། སྨན་སྣ་ལྔ་དང་དྲི་སྣ་ཚོགས།། ཕུར་པ་ཡུངས་ཀར་གུ་གུལ་དང་།། མཆོད་ཅིང་གཞུང་བསྲང་ལྡན་མཆོད་བྱ།
100b6 འབྲུ་དགུ་བཟླས་ཤིང་དྲག་སྔགས་གདགས།། ཨ་རྡི་ཏེ་ཨ་པ་རཱ་ཛི་ཏེ། ཛ་ཡེ་བི་ཛ་ཡེ། ཀ་ཏང་ཀཱ་ཡེ། སྲུང་མ་གསུམ་གྱི་སྔགས་རྣམས་གཅེད།། ཟླ་བ་ཟུག་ཏུ་བཟླས་པ་བྱ།། ཕྱུགས་ལ་སྨན་ཐུད་ངུར་པ་གདགས།། བཅོམ་ལྡན་དབྱུག་སྔོན་སུངས་ཤིག་བྱ།
100b7 ཡུངས་ཀར་སྔགས་ཀྱི་ཕུར་བ་གདགས།། ཕྱུགས་ནད་བསྲུང་བ་འགྲུབ་པར་འགྱུར།། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་ལས། ཕྱུགས་ནད་བསྲུང་བའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ། ཀརྨ་ཧེ་རུ་ཀ་དང་།




iiif viewer powered by OpenSeadragon

100a - 101a

Texts on this page

Gdg021.8 - khro bo dbyug pa sngon pa'i rgyud