| | e-texts navigator
|
100a1 སྐད་སྨན་གྱིནི་སྣ་ཚོགས་སྒྲོགས།། སྙིང་བ་མཆོག་གི་འབྲུ་སྣུ་ཅན།། གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ།། ས་ན་པདྨ་འདབ་བརྒྱད་འདྲ།། གནས་ཀྱི་དབྱིབས་ལགས་ཁ་ཤར་བལྟས།། ལུང་བ་རན་ཅིང་མཛེས་པར་ནི།། ལས
100a2 ཀྱི་བྱ་བ་གཞུང་ཡང་བརྩམ།། བཀྲ་ཤིས་དོན་འགྲུབ་གནས་ཡིན་པས།། དབང་དང་དཀྲུག་པའི་གནས་སུ་བསྟན།། ནགས་ནི་ཚེར་མ་གདུག་པ་ཡོད།། སྟག་དང་དོམ་དང་གཟིགས་རྣམས་དང་།། སྦྲུལ་གཇུག་གནས་པའི་ནགས་འདབ་དང་།། གནམ་ནི་རལ་གྲི་འདྲ
100a3 པ་དང་།། མདང་ཡིས་ཕུག་དང་གྲིས་བཤའ་འདྲ།། ས་ནི་ཟུར་གསུམ་འཇོམས་པའི་དབྱིབས།། ས་འཁོས་མེ་དཔུང་འབར་བ་འདྲ།། ལོགས་ལ་དུ་བའི་རི་མོ་ཡོད།། ཉམས་དང་ལྡན་པས་བཙལ་བྱས་ན།། དེས་པར་མྱུར་དུ་འགྲུབ་པར་འགྱུར།། ཁྲོ་བོ
100a4 དབྱུག་པ་སྔོན་པོའི་རྒྱུད་ལས། གླེང་གཞིའི་གནས་ཀྱི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། དཀྱིལ་འཁོར་གྱི་ལས་བསྟན་ཏེ། དབྱུག་པ་སྔོན་པོའི་དཀྱིལ་འཁོར་ནི།། མཐིང་ནག་གྲུ་གསུམ་འབར་བ་ལ།
100a5 པ་གསུམ་དང་དབྱུག་པས་བརྒྱན།། དབུས་སུ་རོ་ཡི་ཕུང་པོ་ལ།། སྐད་ཅིག་གིས་ནི་གསལ་བར་བལྟ།། མཆེ་གཙིགས་རྐན་རྡེ་བ་དབྱུག་པ་ལེན།། ཧཱུཾ་གི་རང་སྐུ་ཐམས་ཅད་སྤོགས།། ཆ་ག་གང་དབུས་སུ་བཞག་པ་ནི།། ར་སོག་གཡས་པའི་དཀྱིལ་གནས་སུ།
100a6 གཟུགས་བརྙན་བྱས་ལ་བཞག་པར་བྱ།། དེ་ལ་ཤེས་པ་རབ་བསྟིམས་ལ།། དབུས་སུ་ལུགས་ཀྱི་ཕུར་གདབ་ལ།། གཞག་པར་བྱ་བ་ཡིན་པར་བཤད།། ཨཱཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུ~ཾ། ཨཱ་ན་ཡ་ཧོ་བྷ་ག་བཱན།
100a7 བིདྱཱ་རཱ་ཛ་ཧཱུཾ་ཕཊ།། སྦྱོར་བ་དེ་ཡིས་རབ་སྦྱར་ན།། གང་ཡིན་གནས་སུ་དགུག་པར་བྱེད།། དེ་ནས་ལས་ལ་སྦྱར་ནས་ནི།། ལྕགས་ཀྱི་བུར་པ་ལྔ་བཏབ་ན།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། གདུག་པ་ཅན་ལ་ལྟ་ཅི་སྨོས།། ཁྲོ་བོ་དབྱུག་པ་སྔོན་པོའི
iiif viewer powered by OpenSeadragon
99b - 100b