| | e-texts navigator
|
313a1 །། མེད་པར་གྲགས་པ་ལི་ཙཱ་པྣ་ལ་སོགས་པ་ལ་བདུད་རྩི་ར་སཱ་ཡན་ཏནཱན་ཛྷ་ཡ་འདི་དག་བསྟན་ན།། དང་པོར་བསྒྲུབ་པའི་ཡུལ་དང་གནས་ནི། ཨུ་ཧུ་སཱི་ཏི་པ་ཙ་ཞེས་བྱ་སྟེ། ད་རྗེས་ཞེས་ཀྱང་བྱ་བ། རོའི་རྒྱལ་པོ་གསེར་མདོག་ཅན་གྱི་རྩེ་མོ་རྟན་ར་ཞེས་བྱ་བ
313a2 དཱ་ས་ཡ་ན་ཞེས་བྱ་བ་དྲང་སྲོང་རྣམས་ཀྱིས་བསྒྲུབས་སོ།། དེ་ཡང་ཐང་ཅིག་ཡུད་ཀྱིས་འགྲུབ།། ལ་ལ་ཉིན་ཞག་གཅིག་གིས་འགྲུབ།། ལ་ལ་ཉིན་ཞག་བདུན་གྱིས་འགྲུབ།། མཐའ་མ་ཉི་ཤུ་གཅིག་གིས་འགྲུབ།། དེ་ལ་ཐེ་ཚོམ་མེད་པས་འགྲུབ།། དེ་དག་ཀུན
313a3 ནི།། རྫ་བ་སྡོང་བུ་ཡལ་ག་དང་།། ལོ་མ་འདབ་མ་མེ་ཏོག་དང་།། ཤུན་ལྤགས་འབྲས་བུ་སྙིང་པོར་བཅས།། རོ་དང་མཐུ་དང་མདོག་དང་ལས།། རྩ་བ་གཅིག་ལ་ཡན་ལག་བརྒྱད།། ཡན་ལག་བརྒྱན་ལས་ཡོན་ཏན་སྟོང་།། འདི་དག་ཀུན་གྱི་ཡོན་ཏན་ཡང་།། བཞི་བ
313a4 བཞིའི་ནད་སིལ་ཞིང་།། བདུད་བཞི་ངེས་པར་འཇོམས་པར་བྱེད།། སྨན་གྱི་རྒྱལ་པོ་བདུད་རྩིའི་མཆོག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དྲང་སྲོང་ཆེན་པོ་འདི་ཀུན་ཀྱང་།། མངོན་ཤེས་ལྔ་དང་ལྡན་འགྱུར་ཞིང་།། རིག་པའི་གནས་མཆོག་བཅཝ་བརྒྱད
313a5 དེ་ནས་སྨན་ནི་བསྒྲུབ་པར་བྱ།། སྟེགས་བུ་ཁྲུ་གང་བ་གཅིག་ལ།། མཎྜལ་གཙང་མའི་དྲིས་བྱུགས་ལ།། དེ་ཡི་དབུས་སུ་སྨན་གྱི་མཆོག། བདུད་རྩི་ཙོང་ཟི་རྣམ་གདུམ་དང་།། སེར་སྐྱ་བ་ལས་བྱུང་བ་ཡི།། འོ་མ་བྲེ་གང་བཙགས་ནང་དུ།། ཨ་ཤོ་ཀན་དའི་ཕྱེ་མ་དང་།། བསྲེས
313a6 ནས་བསྐོལ་བའི་ནང་དུ་གདབ།། ལྕགས་ལས་བྱས་པའི་སྣོད་དུ་བླུགས།། སྟེགས་བུའི་དབུས་སུ་བཞག་ནས་ནི།། བྱིན་གྱིས་བརླབ་པའི་སྔགས་འདི་དག། སྟོང་ངམ་བརྒྱ་ནི་རྩ་བརྒྱད་བཟླས།། ཨོཾ་བཛྲ་ཨ་མྲྀ་ཏ། པ་ལ་ལཱིག། པེ་ལ་ལིག་ཙན་ད་ལེཀ་སྟ
313a7 དངོས་གྲུབ་བླང་བའི་སྔགས་འདིའོ།། ཨ་མྲྀ་ཏ་སིདྡྷི་བྱི་ཙུ་རྣ་ཡ་སྭཱ་ཧཱ། པུ་ཙི་ལྷ་ཧ་ཀ་ན། བྱིན་གྱིས་བརླབ་ཅིང་བཟའ་བ་ཡང་།། ཉི་མའི་གུང་ལ་བཟའ་བར་བྱ།། དོན་དམ་ཐིག་ལེ་བདེན་པ་ལས།། སྙིང་པོ་མེད་ལས་སྙིང་པོ་བླང་།། རྣམ་སྨིན་འབྲ
iiif viewer powered by OpenSeadragon
312b - 313b