e-texts navigator
Collection
Volume
Page
Wylie

312a1 པ་ཡ་།། ལུང་ཅན་ཟཔ་ས་ནང་ནགས་པ།། ཟླ་བ་ཞིན་དུ་འཁོར་པ་ཡང་།། ལགས་སུངས་རྒྱས་དགས་དང།། དཀྱུས་སུ་གྱུར་བྱས་མཉམ་གནས་པས།། མ་ནས་སངས་ཅས་དདུ་ལྡན་ཉིད།། ནུས་ན་ནན་ནནམ
312a2 དབྱིངས་སུ་གྱུར།། དབྱིངས་འགྱུར་དག་མཉམ་ལྷན་གྲུབ་པས།། ལྟ་བ་འདི་ལ་གནས་པ་ཡི།། རྣལ་འབྱོར་འདི་ནི་སྐལ་བ་བཟང་།། ཅི་སྤྱད་ཅི་བསྒོམས་ཅི་བསྒྲུབས་ཀྱང་།། བདུད་རྩི་ཉིད་དེ་སྨན་གྱི་མཆོག། བདར་གཤེགས་ཉིད་ཀྱི་ཐུགས་དྲི་མ་ཏོད།། རྐྱེན་བཟླ
312a3 ངོ་མཚར་རྒྱ་ཆེར་འབྱུང་།། རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས།། སངས་རྒྱས་བདེ་ཆེན་ཉིད་ལས་བྱུང་།། ཐམས་ཅད་མ་ལུས་བདུད་རྩི་འདི།། སྤྲོས་མེད་ཐིག་ལེར་གནས་པ་ལས།། མཐའ་ཡས་སེམས་ཅན་དོན་གྱི་ཕྱིར།། རང་ལ་མཆོད་ཅིང་རང་གིས་བཟ
312a4 སྒྲུབ་པ་པོས་ནི་ནན་ཏན་བྱོས།། ཞེས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས། ཡེ་ཤེས་ཆེན་པོའི་ཐུགས་ནས་དགོངས་ཏེ་བཀའ་སྩལ་པའོ།། བདུད་རྩི་ཆེན་པོ་མཆོག་གི་ལུང་ལས་བྱང་ཆུབ་སེམས་དེ་འོ་ན་ཉིད་ལྟ་བར་ངབསྟན་པའི་མན་ངག་ཆེན་པོ་གསང་བའི
312a5 དོན་དང་པོ་སྟེ། ཐུགས་ཀྱི་རྒྱ་མཚོའི་ནང་ནས་གསང་པའི་མཛོད་ཆེན་པོ་ལས་བམ་པོ་ཆེན་པོ་བརྒྱད་པའི་དང་ངོ་།། @##།། རྒྱ་གར་སྐད་དུ། ཨ་མྲྀ་ཏ་ར་ས་ཡ་ན། ཏྲན་ཛྙཱ་ཡ། པྲ་ཤསྟྲ་པྲ་མཱན་ཤྲཱི་ཀྲ་ནཱ་པྲ་ཤསྟ་ཡ་ན་མོ། བོད་སྐད་དུ
312a6 ཚངས་པ་ལ་སོགས་པ་དྲང་སྲོང་དང་། ལྷ་དང་ཀླུ་དང་པིའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ།། དེ་ནས་ཚངས་པའི་གཙོ་བོ་མཆོག། དུང་གི་ཐོར་ཚུགས་ཁོང་སང་ཅན།། ཚངས་པ་ཀུན་གྲོལ་ཆེན་པོ་དང་།། དྲང་སྲོང་ཆེན་པོ་ལྗང་སྔོན་དང་།། ཙཱ་ར་ཀ་དང་ན་པ་པོ
312a7 སྐྱེས།། ཐ་སྐར་བུ་དང་ལྷ་སྐབས་དང་།། རྒྱུན་ཤེས་པ་དང་གཡོན་ཕྱོགས་ལྷ།། ཐང་ལ་གནས་དང་མེ་བཞིན་འཇུག། དཀའ་གཉིས་སྤྱོད་དང་ཀ་ལ་ཡན།། ཤིང་ཁྱེར་དང་ནི་ལྗང་སྔོན་བུ།། ཉི་མ་ཟླ་བ་ཀླུ་རུ་བཅས།། ཤིང་གི་ལྷ་མོ་འོདའི་ཆང་མ།། སྨན་གྱི་ལྷ་ལོ་ནོར་གྱི




iiif viewer powered by OpenSeadragon

311b - 312b

Texts on this page

Gdg019.5 - thams cad bdud rtsi lnga'i rang bzhin/ dngos grub chen po nye ba'i snying po mchog bam po chen po brgyad pa