| | e-texts navigator
|
311b1 བཀའ་ཡི་དམ་པ་མཆོག་གི་ལུང་།། ངེས་པར་བྱུང་སྟེ་གསུངས་པ་འནམ།། སྲུབ་དང་བསྲུབ་པར་བྱ་བ་དང་།། འབྲས་བུ་ཐོབ་པར་བྱ་བའི་ཕྱིར།། གསང་སྔགས་གསང་བའི་མན་ངག་འདི།། བདུད་རྩི་དམ་པ་མཆོག་གི་ལུང་།། སྙིང་པ
311b2 བཀྲུས་པའི་ངེས་པར་འདི།། བྱང་ཆུབ་འབྱུང་བ་སྙིང་པོ་མཆོག། ལྟ་བ་དང་ནི་སྤྱོད་པ་དང་།། དམ་ཚིག་བསྒྲུབ་པ་ཕྲིན་ལས་དང་།། ངེས་པར་སྒྲུབ་དང་བསྲུབ་བྱའི་ཕྱིར།། ཟབ་མོ་བསྡུས་པའི་ལུང་འདི་གསུངས།། བསམགྱིས་མི་ཁྱབ
311b3 བསྟན་པ་དང་།། བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་།། ཐེག་པའི་སྒོ་ནི་གསུམ་དུ་གསུངས།། གསང་ཉིད་ཐེག་པར་བསྡུས་དང་བཞི།། ལྡེམ་པོར་དགོངས་དང་དོན་དམ་ཡང་།། བཀྲི་བའི་དོན་དེ་སངས་རྒྱས་ཡིན།། རྣ་བརྒྱུད་བསྟན་པས་ཐུགས་བརྟོལ་ཏེ།།
311b4 ཐིག་ལེ་ཆོས་སྐུས་ཁྱབ་པའི་ཕྱིར།། ངེས་པའི་ལུང་ཡང་སངས་རྒྱས་སོ།། སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ།། ངེས་པའི་ལུང་ཡང་རྣམ་གཅིག་ཏུ།། གསང་སྔགས་གསང་བས་སངས་རྒྱས་ཏེ།། བྱང་ཆུབ་སེམས་འདི་ཀུན་ཏུ་དག། རྫོགས་པའི་ཡེ་ཤེས་པ
311b5 ཆེན་ཉིད།། མ་ལུས་མཐའ་དག་ཉིད་ཀྱི་རྒྱ།། ཡེ་ནས་བྱ་མེད་བྱ་མི་དགོས།། རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ།། མི་རྟོག་སྦྱོང་བའི་ཡུལ་མིན་ནོ།། དེ་ལྟའི་ཡུལ་དུ་རྟོག་འཛིན་གྱིས།། འཁོར་བའི་རྒྱ་མཚོར་གྱུར་པ་ཡིན།། དེས་འབྱུང་ཆོས་སྐུ
311b6 ཆེན་པོ་ལ།། བྷ་གང་ཇི་བཞིན་བཞག་པས་ན།། བྱང་ཆུབ་ཉིད་དེ་ལྟུང་གནས་མེད།། བུ་གཅིག་མ་རྩོལ་བདེ་བར་གནོས།། རྒྱུད་དང་ལུང་དང་མན་ངག་ཀྱང་།། དམངས་དང་རྗེའུ་དང་རྒྱལ་པོའི་ཚུལ།། ཁྱད་པར་རྩལ་འཕང་ཐག
311b7 རིང་ཡང་།། གཅིག་ལ་གཅིག་རྟེན་གཅིག་གི་དང་།། དབྱེར་མེད་ཚུལ་གཅིག་རང་བཞིན་པས།། ཅིག་སྟེ་རྣམ་གྲངས་ཡོངས་ཀྱིས་མེད།། དབྱེར་མེད་དང་དུ་རྟོགས་པ་ལ།། བདུད་རྩི་ཞེས་ནི་དེ་ལ་བྱའོ།། དེ་བས་སྐུ་གསུང་ཐུགས་ཀྱི་བདག། སྤུ་དང་རྒྱན་དང་འཁོར
iiif viewer powered by OpenSeadragon
311a - 312a