| | e-texts navigator
|
222b1 ཡེངས་པ་ཉིད་ཏིང་འཛིན་ཏེ།། དག་པས་དག་པ་གསུམ་དུ་བརྗོད།། གང་གིས་གང་ལ་གང་བསྐུར་བ།། རྒྱུད་དག་ནུས་པ་ཐོབ་ཀྱིར་དབང་།། མ་ལུས་སྒོ་གསུམ་ཁྱབ་པར་དག། བདག་དང་གཞན་གྱིར་མི་འགལ་བ།། སྤྱི་དང་ཁྱད་པར་དམ་ཆག་མཆོག། རབ
222b2 འདོན་པམ་དང་འབྲས་བུ་དང་།། ཚེ་དང་པྲ་དང་རོ་ལངས་དང་།། རྐང་མཐོགས་མཁའ་འགྲོལ་སོགས་པ།། བསྒྲུབ་པས་བསླབ་པ་ཉིད་དུ་བཤད།། ནི་དང་རྒྱས་དང་དབང་དྲག་ཉིད།། མཛད་པ་ལྡན་ལས་ཉིད་དུ་བརྗོད།། དེ་བཞིན་གཤེགས་པའི་ཡེ་ཤེས་ནི།
222b3 བསམ་གྱིས་མི་ཁྱབར་འབྱུང་སྟེ།། མ་ལུས་ནམ་དག་བྱང་ཆུབ་སེམས།། ཐིག་ལེ་ཆེན་པོར་བྱས་གཅིག་རྫོགས།། ཆོས་ཀུན་རང་སེམས་མེ་ལོང་ལ།། ཀུན་གྱི་གཟུགས་བརྟན་རང་ཤར་བ།། དེ་དག་དེ་ཡི་རང་བཞིན་ཏེ།། མ་ལུས་བདེ་གཤེགས་སྣང་བ་ཉིད།།
222b4 རླབས་སྣ་ཚོགས་བསམ་ཡས་པ།། རྡོ་རྗེ་འཛིན་ནས་རྩི་ཤིང་སོགས།། རང་རང་ནུས་པ་སྣ་ཚོགས་ཀྱིས།། མ་ལུས་ཀུན་གྱི་བསམ་པ་ལྟར།། དཔག་མེད་ཆེ་བ་སྣ་ཚོགས་སྟོན།། སྟོང་ལ་སྟོང་མིན་ཧེ་རུ་ཀ། བདེ་ཆེན་རྣམ་འཕྲུལ་སྣ་ཚོགས་གཟུགས།། ཞི་བ་ཞི་དང
222b5 ཁྲོལ་ཁྲོ།། ཆགས་ལ་ཆགས་དང་རྨོངས་ལ་མོངས།། དྲེགས་ལ་རི་བོ་མཉམ་ལ་མཉམ།། འབྱུང་ལ་འབྱུང་བ་འདོད་ལ་འདོད།། ལེ་ལོ་སེར་སྣ་དེ་བཞིན་ཏེ།། ཐབས་མཁས་འདུལ་བ་སྣ་ཚོགས་པ།། ཇི་ལྟར་འཚམས་པར་རྣམ་པར་གནས།། ཞེས་གསུངས་སོ།།
222b6 དཔལ་ཧེ་རུ་ཀ་འདུས་པའི་ཏནྡ་ལས་གླེང་གཞི་དང་། རྒྱུད་ཀྱི་སྙིང་པོ་འབྱུང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་གསང་བའི་བདག་པ་ཡིས།། མལུས་དྲག་པོས་འདུལ་བའི་ཕྱིར།། ཐབས་མཁས་རོལ་པའི་བརྡའ་ཡིས་ནི།། ཀུན་མཁྱེད་ཁྱོད་ལ་གསོཔ་ན
222b7 འདེབས།། ཀུན་མཁྱེན་རྒྱལ་པོས་མཉེས་གཟིགས་ནས།། འབར་ཞིང་རྔམ་པའི་མདངས་ཀྱིས་ནི།། འཇིག་རྟེན་ཁམས་ཀུན་སྦས་བཀང་ནས།། བསྐལ་པའི་མེ་ལྟར་དྲག་ཅིང་འབར།། ཕྱི་ནང་བགེགས་རྣམས་ཐམས་ཅད་འབྱེར།། ཨོཾ་བ་ཧུ་བེ་དྷ། རོ་ཧུ་ཏི། @
iiif viewer powered by OpenSeadragon
222a - 223a