| | e-texts navigator
|
222a1 གང་ཆེན་དང་།། ཕོ་ཉ་ཡང་སྲུལ་སུམ་བརྒྱ་དང་།། དྲུག་ཏུཉི་ཁྲི་བདུན་བྱུང་ཆགས།། རྡོརྗེ་རིག་འཛིན་ལ་སོགས་པ།། འཁོར་མོའི་ཚུལ་དུ་ཐབས་ཅིག་བཞུགས།། དེ་ནས་གསང་བདག་རྡོརྗེ་འཛིན།། མ་ལུས་གསང་བའི་མཛོད་འཛིན་པ།། དབྱེ།།
222a2 པའི་གར་དང་དབྱངས་དང་བཅས།། ལུས་དང་མཛེས་པས་སྤྱན་སྔར་འཇུག། བརྟག་པའི་ཆོག་ལེགས་པར་དྲིས།། དཔལ་ཆེན་ཧེ་རུ་ཀ་ཡི་དོན།། རང་བཞིན་ཐབས་དང་འབྲས་བུ་གང་།། ཧེ་ཞེས་བྱ་བ་གང་ཅི་ཞིག། ཊ་ཞེས་བྱ་བ་གང་གི་དོན།། གཞེས་བསྟན་པ
222a3 ཞིག། བལྟ་བའི་དོན་ནི་ཇི་ལྟ་བུ།། སྤྱོད་པའི་ཁྱད་པར་གང་དག་ལགས།། རྩ་བའི་དཀྱིལ་འཁོར་གང་དག་ལགས།། ཏིང་ངེ་འཛིན་ནི་ཇི་ལྟ་བུ།། དག་པ་གསུམ་ཞེས་ཇི་ལྟ་བུ།། དབང་གི་ཁྱད་པར་ཇི་ལྟར་བསྐུར།། སྤྱོད་དང་ཁྱད་པར་དམ་ཚིག་གང་།།
222a4 ཐུན་མོང་མ་ཡིན་པའི།། བསྲུབ་པའི་ཁྱད་པར་ཇི་ལྟ་བུ། ཕྲིན་ལས་རིམ་པ་གང་ཞིག་ལགས།། ཧེ་རུ་ཀ་རུ་བདག་སྦྱོར་བའི།། ལམ་གྱི་རིམ་པ་གང་དག་ལགས།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། དཔའ་བོས་བསྐུལ་བ་གསན་ནས་ཀྱང་།། ཆོ་འཕྲུལ་ཆེན་པོ་ཅན
222a5 བསྟན་ནས།། འོད་ཀྱི་དཀྱིལ་འཁོར་འཁྲིགས་པ་ཅན།། བསྐལ་པའི་མེ་ལྟར་འབར་བ་ཡིས།། མ་དག་པ་ནི་མཚམས་བཅད་ནས།། གང་ཟག་དམ་པར་བྱིན་བརླབས་ནས།། གསང་བའི་བསྟན་པ་བསྔགས་པར་མཛད།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཅེས།
222a6 དྲི་མེད་ཡེ་ཤེས་ཧེ་རུ་ཀ། ནམ་མཁའི་དཀྱིལ་འཁོར་སྣ་ཚོགས་སྟོན།། རང་བཞིན་ཀུན་གྱི་རང་བཞིན་ཏེ།། ཐབས་ནི་ཕྱི་ནང་སྦས་པ་གསུམ།། འབྲས་བུ་རང་བཞིན་མཐར་ཕྱིན་པས།། ཧེ་ནི་དགྱེས་བཆེན་པོ་ཉིད།། རྦནི་ཆགས་པ་པདེ་ཆེན་པོ།། ཀ་ནེ་ཕྲིན་པས
222a7 མཛད་པར་ཤང་།། བལྟ་བ་མ་བཅོས་ཆོས་ཉིད་མ།། སྤྱོད་འསྒོ་གསུམ་ཐ་འདོར་མེད།། ལྷ་དང་དངོས་ཕུབ་དབང་ལ་སོགས།། སྙིང་པོ་བྱུང་བནི་ལྡན་རྫོགས་པས།། འབྱུང་བཞི་དཀྱིལ་བའི་དཀྱིལ་འཁོར་ཏེ།། གང་དང་གང་དྲུགསལ་བའི་ཡིད།
iiif viewer powered by OpenSeadragon
221b - 222b