e-texts navigator
Collection
Volume
Page
Wylie

220b1 ཡངས་སུ་ཀྱངས་ཏེ། རྒྱལ་བའི་སྲས་སུ་གྱུར་ཏེ། རྒྱལ་བའི་ཉིང་ཁམས་རྡུལ་ཕྲ་མོ་སྐད་ཀྱི་སངས་ཅས་བྱེད་ཀྱིལ་འཁོར་དང་བཅས་པ་འདུས་པར་གྱུར་ཏེ། དེ་དག་ལ་ཕྱག་འཚལ་ཞིང་འདི་སྐ་རྗེས་བརྗོད་པར་གྱུར་ཏེ།། ཨེ་མ་འོ་སངས་རྒྱས་ཐམས་ཅད་ནི།། རྒྱ་ཆེན་གདོད་ནས
220b2 སྡེ་མེད་དེ།། འདུལ་བའི་ཐབས་ཀྱི་ཁྱད་པར་གྱིས།། མཛད་པ་སྣ་ཚོགས་བསྟན་པ་ལེགས།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཀྱིས། སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ། དུས་གསུམ་དུ་ཉམས་བཞིའི
220b3 ཚུལ་གྱིས་དགའ་བར་མཛད་དེ། རྡོ་རྗེ་སྙིང་པོའི་ཚུལ་གྱིས་པདྨའི་སྙིང་པོ་ལ་ཞུགས་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་སྲས་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་ཕྱིན་ཆུབས་ཀྱིས།། བརྟུལ
220b4 ཞུགས་གསུམ་ལ་གནས་བྱའི་ཕྱིར།། དབང་བསྐུར་བདག་ལ་གནང་བ་རྩོལ།། ཞེས་གསོལ་པ་ལས། དེ་མ་ཐག་ཏུ་ཞལ་བསྟན་པ་དང་། ཐིག་ལེ་ཆེན་པོ་དང་བདེ་བ་ཆེན་པོ་དང་། ཡེ་ཤེས་པར་ཆད་མེད་པའི་དབང་བ་ལུང་ནས། མ་ལུས་པའི་ཐིག་ལེ་ཆེན་པོའི་རང་བཞིན
220b5 དུ་གསལ་བར་གྱུར་ཏེ། སྐྲ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུ་དབྱེར་མེད་པར་གྱུར་ཏོ།། དེ་ནས་ནམ་མཁའི་དབྱིངས་དང་མཉམ་པའི་རྡུལ་བ་རྒྱ་མཚོ་རྣམས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དམ་ཚིག་གསུམ་ལ་གནས་པ་ཡིས།། བར་ཆད་མེད་པའི་ས་ཕྱོགས
220b6 སུ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། མ་ལུས་དག་པ་གསུམ་བསྒོམས་ནས།། རྒྱལ་བའི་ཕོ་བྲང་དག་པར་བསྒོམ།། རང་བཞིན་ཇི་ལྟ་བཞིན་བསྒོམས་ལ།། རྒྱལ་བ་ཡབ་ཡུམ་སྲས་དང་བཅས།། སྐོ་བར་བཅས་ཏེ་བསམ་པར་བྱ།། དབྱེར་མེད་མཆོད
220b7 བཟླས་བརྟན་ཐོབ་ནས།། བརྟུལ་ལུགས་གསུམ་ནི་བརྟག་པར་བྱ།། ཤིན་ཏུ་ཡིད་དགའིས་ཕྱོགས་དང་།། ས་ཡི་བྱ་བ་ཀུན་བྱས་ནས།། ཚད་དང་ལྡན་པའི་སྟེག་པུ་བརྩམ།། ཉི་ཤུ་ལྔ་ལྡན་དག་པ་དེར།། བླ་མ་ཡུམ་དང་ལྡན་པ་ཡིས།། བརྒྱལ་གསལ་བར་བྱིན་བརླབས།




iiif viewer powered by OpenSeadragon

220a - 221a

Texts on this page

Gdg019.2 - dpal khrag 'thung 'dus pa'i rgyud