| | e-texts navigator
|
218b1 ཡ་མ་ཨཱཿ།། གྲངས་ད་ལགས། མཧཱ་པརྫྫ་ཨ་རྦ་ཏ་ཨརྡྷ་བདྡྷི་ཛྙཱསརྦ།། ཞེས་གསུངས་ས།། ཧེ་རུ་ཀ་གལ་བ་ཅན་པ་ལས། ཆགས་ཀྱི་འཁར་ལས་མཉེས་པར་བྱ་བ་དང་། ལྷག་མས་མཉེས་པར་བྱ་བའི་བརྟག་པརྒྱ་ཏ
218b2 གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཕྲ་མོ་འདི་དག་གསུངས་སོ།། རྣལ་འབྱོར་བསྐྱེད་དང་འབྲེལ་པའི་ལས།། དེ་བཞིན་རྫོགས་པ་དག་དང་འབྲེལ།། ཐུན་མོང་ལས་ནི་དང་པོ་དང་།། རོལ་མོ་འདི་དག་རབ་ཏུ
218b3 བསྒོམ།། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།། བདག་གི་ལུས་ལ་སྣང་མཛད་གཞག། སྙིང་གར་ཡི་གེ་ཨོཾ་བསམས་པས།། སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ།། འགོག་པའི་རྡོ་རྗེ་སེམས་ཉིད་དུ།། ནམ
218b4 ཞིག་དེ་ལ་རབ་ཏུ་འགྱུར།། སངས་རྒྱས་ཀུན་གྱི་མཛོད་འཛིན་པ།། ཡིད་བཞིན་དཔལ་ལྡན་འདྲ་བར་འགྱུར།། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།། བདག་གི་ལུས་ལ་མཐའ་ཡས་གཞག། སྙིང་གའི་ཨ་ལ་རྣམ་ཤེས་གཏང་།།
218b5 འགོག་པ་སེམས་ཉིད་སངས་རྒྱས་མཆོག། ནམ་མཁའ་དབུས་སུ་སངས་རྒྱས་རྣམས།། བདག་ལུས་རྡོ་རྗེ་སེམས་དཔའ་ཉིད།། ཧཱུཾ་གི་འགོག་པ་རེག་གྱུར་མ།། སངས་རྒྱས་མཆོག་འཛིན་དཔལ་ལྡན་འགྱུར།། འདི་ནི་འགོག་པའི་རྣལ
218b6 འབྱོར་པ།། སྐུ་དང་གསུང་ཐུགས་སྒྲུབ་པའོ།། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།། རྣམ་པར་སྡང་མཛད་རབ་ཏུ་བསྒོམ།། སྙིང་གར་ཡི་གེ་ཨོཾ་བསམས་ནས།། སེམས་ཉིད་ཐིག་ལེར་གྱུར་པ་གཞག། སངས་རྒྱས་དཀྱིལ་འཁོར་དབུས
218b7 གནས་པར།། ཚེ་དཔག་མེད་པ་རབ་ཏུ་བསྒོམ།། སྙིང་གར་ཡི་གེ་ཨཱཾ་བསྣརུམས་ཏེ།། སེམས་ནི་ཐེག་ལེ་དཁྱེར་པར་གཞག། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།། རྡོ་རྗེ་མ་བཔྱོད་རབ་ཏུ་བསྒོམ།། སྙིང་གང་ཡིག་ཧཱུཾ་བསམས་ནས།། སེམས་ནི་ཐིག
iiif viewer powered by OpenSeadragon
218a - 219a