| | e-texts navigator
|
277a1 6། ཀླུ་འདུལ་ཁྲོ་བའི་སུལ་ཕྱག་འཚལ་བསྙད།། དགྲ་ཡིག་ཙུགནརྟ་མགོ་རྒྱང་ཐོན་པ།། ལྗང་གུ་ལྷུང་ལྷང་ཚར་ཙར་ཕྱོགས་བཅུར་གྲོགས།། ཆུས་སྟོན་མཆོག་ཅོལ་མཆོགས་དབང་དུ་སྡུད།། སྤྱན་ནས་འབྲུག་རྫོགས
277a2 ཐམས་ཅད་བརྒྱལ།། སྤྱན་ནས་མེ་འབར་ཁམས་གསུམ་སྲེག་པར་བྱེད།། ཤངས་ནས་འཐོར་བའི་རླུང་གིས་སྟོང་གསུམ་འགེངས།། ཞལ་ནས་རྔམ་པའི་དུག་ཕུང་ཉོན་མོངས་སྒྲོལ།། རྡོག་མ་ལེ་བརྒན་སྲིད་གསུམ་ཐལ་བར་རློག། དཔྲལ་བ་ཉེར་པོ་དགྱེས
277a3 མདངས་སུ་ཆེ།། དབང་བདག་ཁྲོ་བོའི་སྲ་ལ་ཕྱག་འཚལ་བསྟོད།། འདོད་པའི་ཡོན་ཏན་ལྔ་ཡི་མཆོད་འབུལ་བ་ཞེས།། ཡུན་གྱི་ལྷར་གྱུར་མཆོག་ཁྱེད་བསླབ་པ་ན།། བདག་ལ་བསྲུང་བའི་ལས་དང་ཚིག་མཛོད།། ཀྲ་རྣམས་བཀའ་བཞིན་བྱེད་ད
277a4 སེལ།། བཅོལ་པའི་འབྲས་བུ་དུས་འདིར་སྤེལ་དུ་གསོལ།། ད་ནི་དཔའ་བོ་རྟ་མགྲིན་རྒྱལ་པོ་སྟེ།། ཀླུ་རྒྱལ་ག་དན་སྙེད་ཀླུ་བྲན་ཟས་སུ་ཟ།། ཀླུ་རྣམས་ང་ཡི་བཀའ་ལས་མ་འདའ་ཅིག། ཀླུ་རྣམས་ང་ཡི་བཀའ་ལས་འདའ་གྱུར་ན།། མགོ་ཝས་ཡན་ལག་འཚ
277a5 པར་འགྱུར་བ་དང་།། ཀླུ་ཡི་ག་ནས་རིས་བརླག་པར་འགྱུར་ཏ་རེ།། ཨོཾ་ཤཱི་པདྷཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧཱུཾ། ཧ་ཡ་གྷི་ཝ་ཧྲི་ཧྲིཾ། ཧུ་གུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཛྭཱ་ལ་ཛྭ་ལ་བཛྲ་པ་ཏི་ས་མ་ཡ་ཛ། ཞེས་ཀྱུ་རྣམས་བདག་གི་དབང་དུ་འགྱུར་བ་དང་བྲན་དུ་འགྱུར་རོ།། དཔལ་རྟ་མཐུན
277a6 བསྟོད་ཅིང་།། ཀླུ་དབང་དུ་བསྡུ་བའི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །། ཀླུ་རྣམས་མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། ཀྱེ་ཀྱེ་ཚུར་སྐྱོན་ཚྭ་རེ་སྐྱོན་ཕྲིན་ལས་མཛོད།། ཀླུ་རྒྱལ་ཁྱེད་ཀྱི་ཞལ་ཟས་འདི་ན་མཆིས།། བརྩེ་ཞིང་གདུང་ཕྱེར་གཤེགས་སུ་གསོལ།། བཅོལ་པ
277a7 ལས་རྣམས་འགྲུབ་པར་མཛོད།། ཀ་ར་བུ་རམ་མངར་གྱི་བཅུད།། ཁྱེད་ཀྱི་ལོངས་སྤྱོད་འདི་ན་མཆིས།། གྲུ་གཉན་ཕོ་མོ་འདི་བཞེས་ལ།། བཅོལ་པའི་ལས་རྣམས་འགྲུབ་པར་མཛོད།། ཚུར་སྤྱོན་ཚུར་གཤེགས་ཀླུ་རྒྱལ་རྣམས།། ནཱ་ག་གེ་སད་ནཱ་ག་པུ་རྦ་དང་།
iiif viewer powered by OpenSeadragon
276b - 277b