| | e-texts navigator
|
264a1 དང་།། དེ་བཞིན་པོ་སྲིང་ནོར་བ་དང་།། རིན་ཆེན་མ་ཚོགས་བཅངས་པ་ཡིས།། ཏེ་ཤ་སབ་མ་མེ་གནས་སྦྱང།། བགགས་ཀྱིས་རྐང་བར་མི་འགྱུརརོ།། དགྲ་བཅམ་བྱང་ཆུབ་སེམས་དཔའ་དང་།། དེ་བཞན་རྣལ་འཆ་ཐུ་ས
264a2 མཆོད་ཅིང་བཅངས་པ་ཙམ་གྱིས་ནི།། ཞེ་སྡང་ཞི་ནས་མཆོད་བྱེད་འགྱུར།། ལྔ་བརྒྱ་སྟོང་དུ་ལོན་པ་ཡིས།། སྔགས་བཏབ་བསྡུས་ན་དཔག་ཚོད་བརྐྱར།། གནོད་པ་ཐམས་ཅད་འབྲོས་པར་འགྱུར།། དྲག་དགྲའི་སྒོཿ་སྙིང་དང་ནི།། ལྦག་ཤང་ལྔག་མ་བཅིངས་པ་ཡིས
264a3 ཀླུ་ཡིས་བཟུང་ན་བཏང་ནས་ཀྱང་།། དེ་དག་ཕྱིར་ལ་འབྲོས་པར་འགྱུར།། ག་བུད་ཛཱ་ཏི་ཙནྡན་དང་།། གྲཙི་གུ་གུལ་དྲི་ལྔ་ནི།། བཅངས་པས་རབ་ཏུ་བྱེ་བར་འགྱུར།། གུ་གུལ་ནག་དང་དྲི་སྣ་ཚོགས།། བདུགས་ཤིང་བསྲེག་པས་ཀླད་པ་འགྲུས།། དེ་ལྔ་འདྲུངས་པས་རང་གི་དུག
264a4 བཤལ་སྣོད་བཞིན་སེལ་བར་འགྱུར།། གུ་ཀུ་ལ་གླ་རྩི་ལུས་བྱུགས་པས།། མེ་ལྕེས་སྦྲང་བུ་བསྲེགས་པ་ལྟར།། ཐམས་ཅད་མྱུར་དུ་འབྲོས་པར་འགྱུར།། རིག་པའི་རྒྱལ་པོ་གསང་སྔགས་འཆང་།། སྔགས་དང་ཕྱག་རྒྱ་རྟེན་འབྲེལ་གྱིས། ནུས་པ་བསམ་གྱིས་མ
264a5 པས།། འབད་པར་བྱ་ཞིང་བརྩོན་པར་གྱིས།། དཔལ་རྟ་མགྲིན་གྱི་རྒྱུད་ལས། རྫས་ཀྱི་བསྲུང་བའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རིག་པའི་རྒྱལ་པོ་རྟ་མཆོག་སྟན་ལས་ལངས་ཏེ། ཁྲོ་བའི་སྟངས་སྟབས་ཀྱིས་བཅོམ་ལྡན་འདས་པར
264a6 པ།། སྟོན་པའི་རྒྱལ་པོ་རིགས་སྔགས་འཆང་།། བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ།། ཐབས་དང་ཤེས་རབ་གཉིས་ཀྱི་ནི།། ཉོན་མོངས་སྡུག་བསྔལ་འཇོམས་མཛད་པ།། རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད།། རྡོ་རྗེའི་རབ་དྲ་བ་ཡིས།། བགེགས།།
264a7 དང་ལོག་འདྲེན་ཐམས་ཅད་བསྲུང་།། རྡོ་རྗེ་འཁོར་ལོའི་སྦྱོར་བ་ཡིས།། ཐམས་ཅད་བཟློག་ཅིང་མེད་པར་བྱེད།། འཁོར་ལོའི་བདག་པོར་ཕྱག་འཚལ་བ་སྟོང་།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱང་ཞལ་འཛུམ་པ་དང་བཅས་པ་བཞུགས་སོ།། དེ
iiif viewer powered by OpenSeadragon
263b - 264b