e-texts navigator
Collection
Volume
Page
Wylie

253a1 རལ་པ་ཤར་ར།། ཕྱག་ན་དྲིལ་བུས་བརྒྱན་པར་བྱེད།། མྱོས་པར་གྱིས་ཤིག་གརྦྷེ་ཧོཿ།། ཧྲཱིཿབཅོམ་ལྡན་པདྨ་ཧེ་དྲ་ཀ། དབང་ཆེན་ཐུགས་ཀྱི་སྤྲུལ་པ་ནི།། སྲོག་བདག་འོད་ཀྱི་རྒྱལ་པོ་འཐུང་།། རྩེས་མཆོག་འོད་ཁྱི་མ་པ་ཆེ།། ཕུལ
253a2 སེང་གེའི་ཀློག་པ་གསོལ།། དབུ་ལ་རི་ལོ་དཀར་པོ་བཅིངས།། ནམ་མཁའ་འཇའ་ཡི་སྐེ་དགས་ཅན།། ལྕགས་ཀྱི་སྡེར་མོས་དགྲ་སྙིང་འབྱིན།། གཡས་པ་རལ་གྲི་དགྲ་སྲོག་གཅོད།། གཡོན་པ་འོད་ཀྱི་ཞགས་པ་འཕེན།། དགྲ་བོའི་ཚེ་སྲོག་དེ
253a3 སྙིང་ཕྱུང་།། དྲག་ཏུ་བསྐུལ་ལོ་དགྲ་སྲོག་གཅོད།། ཤར་གྱི་དཀར་པོ་དམ་ཚིག་ཅན།། དྷ་རུ་དཀར་པོ་དང་རིང་ཞོན།། སྲུ་ལ་དར་དཀར་རལ་ག་གསོལ།། དབུ་ལ་དུང་གི་ཅོད་པན་ཅན།། ཕྱག་ན་ཤེལ་གྱི་ཟངས་གྲི་ཐོགས།། ཕྱག་གཡོན
253a4 ཞགས་པ་དགྲ་ལ་འདེབས།། ཚངས་པ་དུང་གི་ཟོར་ཚུགས་ཅན།། དགྲ་བོའི་ལྷ་ཁྲོལ་ཁོང་སྙེང་ཕྱུང་།། ལྷོ་ཡ་དགེ་བསྙེན་དམ་ཚིག་ཅན།། སྒྲལ་ཟ་འོག་སྔོ་ཐ་གསོལ།། དབུལ་བསེ་མེན་འགྱིང་ཐོང་བཅིངས།། རྟ་ནི་ཁམ་པ
253a5 ལག་དཀར་ཞོན།། གཡས་ན་བ་སེ་ཡི་ནོ་ནི་ཕྱོགས།། གཡོན་ན་ཙིཏྟ་དམར་པོ་ཐོགས།། གླིང་ཆེན་རྡོ་རྗེ་གཤོག་རྒོད་རྩལ།། དགྲ་པོའི་སྙིང་ཕྱུང་སྲོག་ཅ་ཆོད།། རྔུབ་ཀྱི་བདུད་ན་གདམ་ཚིག་ཅན།། སྦ་ལ་ལྗགས་ཀྱི་ཞུན
253a6 ཁྲའ་གསོལ།། དབུ་ལ་བདུད་ཞྭ་ལྡིང་ནག་གསོལ།། ཆིབས་སུ་བདུད་རྟ་ནག་པོ་ཆེ་བས།། ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་བསྡམས།། ཕྱག་གཡོན་ཞགས་པ་ནག་པོ་འདེབས།། ནག་པོ་གསོད་བྱེད་བདུད་ཀྱི་བུ།། དགྲ་པོའི་ཚེ་སྲེག
253a7 ཁྲམ་ལ་ཐོང་།། བྱང་གི་སྲོག་བདག་དམཚིག་ཅན།། སྐུལ་བས་ཁྲབ་དམར་པོ་གསོལ།། དབུལ་བས་རྨོག་ཟངས་རིང་གསོལ།། ཆིབས་སྲ་བ་སེ་ཡིར་སྐྱེས་ཆིབས།། ཕྱག་གཡས་ཟངས་ཀྱི་གྲི་རིངས་བསྣམས།། གཡོན་པ་ཞགས་པ་དང་།




iiif viewer powered by OpenSeadragon

252b - 253b

Texts on this page

Gdg018.11 - pad+ma dbang chen yang gsang khros pa'i rgyud