e-texts navigator
Collection
Volume
Page
Wylie

225b1 ཨུ་གཏད། དབང་ཆེན་གྱི་ཕོ་ཉ་གཏད་ནས། གཟུངས་སུ་བཞག་གོ།། ལྷ་མ་སྲིན་གྱི་བརྡའ་སྒྲ་སྐད་གྲགས་པའི་དུས་སུ། སྦྲན་པའི་རམདའ་བྱ་བར་ཁས་འཆེས་སོ།། དེ་ནས་ཡང་ཨ་ནི་མབྱུང་མ་སྐྱེས་པའི་ཀླང་ནས། དཔའ་ཆེན་པོའི་སྐུར་བྱུང་སྟེ། དང
225b2 པདྨ་དབང་ཆེན་ལ། ཡ་ནི་གཤིན་རྗེ་དབུ་དཔུང་དང་བཅས་པས་ཕུལ་ལོ།། མ་ནི་མ་མོ་དགུ་དཔུང་དང་བཅས་པས་ཕུལ་ལོ།། དུ་ནི་གཟའ་དགུ་དཔུང་དང་བཅས་པས་ཕུལ་ལོ།། རུ་ནི་སྲིན་པོ་སྡེ་ཚན་དང་བཅས་པས་ཕུལ་ལོ།། ཙ་ནཱི་བདུད་སྒོ་ཚན་དང་བཅས་པས
225b3 ཕུལ་ལོ།། ཤ་ནི་གནོད་སྦྱིན་ལྔ་ཚན་དང་བཅས་པས་ཕུལ་ལོ།། ན་ནི་གླུ་དགུ་དཔུང་དང་བཅས་པས་ཕུལ་ལོ།། ལ་ནི་ལྷའི་སྡེ་ཚན་དང་བཅས་པས་ཕུལ་ལོ།། དྲེགས་པ་ཚ་ག་ཅོད་པའི་རྒྱུད་ལས་ལྷ་མ་སྨིན་སྡེ་བརྒྱད་ཀྱིས་དམོད་བཙུགས་པའི་ལེའུ་སྟེགསུམ་པའོ།།
225b4 དེ་ནས་དཔལ་པདྨ་དབང་ཕྱུག་གིས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྟན་པའི་ཕྱིར། ཡུམ་ཁྲོ་མོ་གཟི་ལྡན་མ་ཉིད་ཀྱི་ཐུགས་ལས་ཕྱུང་སྟེ། གཉིས་སུ་མེད་པར་འཁྲིལ་ཏེ་དེའི་ཚེ་དེའི་དུས་ན་ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ལས། བཀའ་སྡོད་ཀྱི་ཕོ་ཉ་བ།
225b5 རིག་པའི་ཁྲོ་བོ་ཁྲོ་མོ་དང་། ལོང་བརྒྱབ་འབྲེལ་དང་། དམུས་ལོང་འཁོར་བ་དང་། མེ་འབྲུག་དང་། རླུང་འབྲུག་དང་། ཟ་བྱེད་ཀྱི་ཁྱི་སྤང་དང་། དཔལ་གྱི་ཁྱི་བརྒྱད་དང་། ཕོ་ཉ་སྤྲུལ་པའི་ཚོགས་དང་། སྦྲང་མོ་རོ་ཤལ་དང་། སྲིན་མོ་མགོ་འཕྱངས་མ་དང་། རག་ཏ།
225b6 ཙ་མུན་ཏི་དང་། ཁྲག་གི་ལྷ་མོ་དང་། ཕུང་བྱེད་སྦས་པའི་མ་བཞི་ལ་སོགས་པ། ཆོས་ཉིད་དབྱིངས་ཀྱི་ཕོ་ཉ་དང་། ཡབ་ཀྱི་བཀའ་རྗོད་ཕོ་ཉ་དང་། ཡུམ་གྱི་བཀའ་སྡོད་ཕོ་ཉ་དང་། དྲག་ཤུལ་བཙན་ཐབས་ཀྱི་ཕོ་ཉ་དང་། རང་དབང་མེད་པར་འདུས་པའི་ཕོ་ཉ་ལ་སོགས
225b7 པའི་འཁོར་རྣམས་ལ་རང་བཞིན་བསྡུ་བའི་དོན་གྱི་བཀའ་སྩལ་ཏོ།། ཁམས་གསུམ་སྲིད་གསུམ་དག་པའི་ཞིང་དུ་བལྟ།། རང་ལས་བྱུང་བའི་ཉག་གཅིག་དགོ་པའི་གདེང་། སྐྱོན་གྱིས་མགོས་འདམ་གྱི་པདྨ་འདྲ།། ཕྱི་ནང་སྟོད་བཅུད་ཐམས་ཅད་ཀུན་ལ་དབང་།། ཡོན་ཏན




iiif viewer powered by OpenSeadragon

225a - 226a

Texts on this page

Gdg018.10 - dpal pad+ma dbang chen dregs pa tshar gcod gyi rgyud