| | e-texts navigator
|
221a1 བཅས།། སྨན་རག་གཏོར་མཛེས་རྣམས་བསགས།། སྔོན་བཞིན་དཀྱིལ་འཁོར་བསྐྱེད་སྤྱན་དྲངས།། མཆོད་བསྟོད་བསྒྲུབ་པའི་བཟླས་པ་བྱ།། དམར་ནག་གྲུ་གསུམ་པར་ཁྱམས་བཅས།། དབུས་སུ་ཕུར་པ་ལ་ཡང་དགོད།
221a2 རས་དག་ལ་འཁོར་ལོ་ནི།། མཁས་པས་རེའུ་མིག་མཚན་མར་བཅས།། ཐུན་དང་རྫས་ལ་སོགས་བྱས་ཏེ།། ཏོ་ག་གཞུང་བསྲུང་བསད་སྔགས་བཟླས།། ཐུན་གྱིས་བྲབ་ཅིང་གཟིར་བྱས་ནས།། ཐ་མར་མནན་བསྲེག་ལས་ཀྱིས་བསུལ།། ཡང་ན་ལིན་དག་ལའོ།།
221a3 ཎྜམགྲིན་གྱི་རྒྱུད་ལས། བསྙེན་བསྒྲུབ་ལས་སྦྱོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་དབང་གི་རྒྱལ་པོ་ཡིས།། དཀྱིལ་འཁོར་དབང་གི་རིམ་པ་ཞུས།། བཅོམ་ལྡན་དབང་གིས་བཀའ་སྩལ་པ།། བསྙེན་བསྲུབ་མཐར་ཡིན་པ་བ་པ
221a4 ཀྱིས།། གང་ཡང་རུང་བའི་གནས་སུ་ནི།། མཚམས་བཅད་ས་ཡི་ཆོ་ག་བྱ།། སྟེགས་བུ་གུ་བཞིའི་སྟེང་དུ་ནི།། བུམ་པ་ལ་སོགས་མཆོད་རྫས་དགྲམ།། སྔོན་དུ་འགྲོ་བའི་ལས་རྣམས་བྱ།། ཏིང་འཛིན་རྣམ་གསུམ་གཞལ་ཡས་ཁང་།། པདྨ་དང་ངག་ཌྷ
221a5 ཅིང་།། སྤྱན་དྲང་ལ་སོགས་རྫོགས་བྱས་ནས།། བསྙེན་དང་ཕྲིན་ལས་རྫོགས་པར་བྱ།། དཀྱིལ་འཁོར་བསླུ་ཞིང་ཆག་ཆག་གདབ།། རྟ་མཆོག་དྲི་ཡི་ཐིག་ལེ་བྱ།། བསྐྱེད་དང་སྤྱན་འདྲེན་མཆོད་རྫོགས་ནས།། སློབ་མཁྲུས་བྱས་གསོལ་གདབ་བརྒྱ།
221a6 ཤིང་ཆོས་བཤད་སྲུང་སྲུང་གདགས།། ཀྲ་ཤ་གཏད་ལ་རྨི་ལམ་བརྟག། དེ་ནས་ཐིག་གང་བ་ཚོན་བྲིས་ཏེ།། རྒྱན་དང་མཆོད་རྒྱས་སྲུབ་རྫས་དགོད།། ཏིང་འཛིན་དཀྱིལ་འཁོར་ལས་གཞུང་བསྲང་།། གནས་སུ་ལྷ་རྣམས་བསྐྱེད་བྱས་ནས།། བ
221a7 མ་འཇུག་པའི་རིམ་པ་བྱ།། དབང་བཞི་པོ་ཡང་བསྐུར་བར་བྱ།། མ་སྨིན་པ་རྣམས་སྨིན་པར་བྱེད།། ཕྱིན་ཆད་འཁོར་བར་ལྡོག་མི་འགྱུར།། དཔལ་རྟ་མགྲིན་གྱི་རྒྱུད་ལས། དབང་བསྐུར་བའི་ལེའུ་ས་བཞི་པའོ།། ། དེ་ནས་མཁའ་རྫིང
iiif viewer powered by OpenSeadragon
220b - 221b