| | e-texts navigator
|
219a1 པ་ཐམས་ཅད་ཀུན།། གཞན་ནས་ཡོད་འོང་མ་ཡིན་ཏེ།། རང་ལུས་ཡིད་ནི་རྩལ་ལས་གྲུབ།། སྔགས་ནི་ཡེ་ཤེས་རང་ལ་གནས།། ལུས་ཁམས་བདུད་རྩི་ཆེན་པོ་རྣམས།། སྙིང་པོ་རླུང་གི་འཕྲོའ་དུ་ཅན།། སྤྲུལ་སྤུ་མཛད་པ་བདུག་ཉི་གས།
219a2 གསུམ་མ་ལུས་འདུལ་བའི་མགོན།། ལོངས་སུ་འཁོར་འདས་གཉིས་ལ་སྤྱོད།། ས་བཅུའི་བྱང་ཆུབ་སེམས་དཔའ་ཡི།། ཤེས་བྱའི་སྒྲིབ་པ་རྣམ་པར་སེལ།། ཆོས་སྒྲ་དྲི་མ་མེད་པ་ནི།། ཕྱག་རྒྱ་ཆེན་པོ་མཆོག་གི་ཝ།། སྐུ་གསུང་ཐ་དད་མེད་གྱུར་པ།། ངོ་བོ་ཉིད
219a3 གཅིག་དང་ཐ་དད་ལས་གྲོལ་བ།། གདུལ་བྱའི་རྣམ་པ་སོ་སོར་སྣང་།། ནམ་མཁའི་དབྱིངས་ནས་རང་ཤར་བ།། ཉི་ཟླའི་དཀྱིལ་འཁོར་ང་བ་རྒྱས་པ།། མུན་མེད་མུན་པས་བསྒྲིབས་ལྟར་སྣང་།། མུན་སྣང་དོན་ལ་གྲུབ་པ་མེད།། ཅེས་གསུངས་སོ།། དབང་ཆེན་བདེ་གཤེགས་འང
219a4 པདྨ་གསང་བརྡོག་མ་ལེ་བརྒན་གྱི་རྒྱུད་ལས། སྦྱོར་བ་ཡན་ལག་དྲུག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་རྗེ་བཙུན་འཕགས་པ་རྟ་མཆོག་ཆེན་པོ་ལ་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཧོ་རྗེ་བཙུན་གར་གྱི་དབང་།། རིག་པ་བཞི་ལ་གཟིགས་པ
219a5 རྒྱུད་ལུང་མན་ངག་མ་ལུས་པ།། བཅིངས་པའི་མདུད་པ་གྲོལ་བར་བྱེད།། འོད་གས་ལ་སེམས་ཀྱི་རང་བཞིན་རྟོགས།། དམ་ཚིག་དངོས་གྲུབ་ལོ་ཐོག་སྨིན།། དུག་ལྔ་བདེ་ཆེན་ལམ་དུ་གྲོལ།། འཁོར་འདས་ཉོན་མོངས་ལྔ་མདུད་བཀྲོལ།། དབང་གི་སྐུ་ལ་མ་ལུས་རྫོགས།། ཏྲ
219a6 ཆོས་ཉིད་བདེ་བར་ལྡན།། མཆོད་བསྟོད་རྒྱལ་བ་མཉེས་པར་བྱེད།། རྟ་སྐད་གདུག་པ་གསུམ་རྣམས་འདུལ།། ཕྲིན་ལས་ཕན་གནོད་ལས་ཀུན་འགྲུབ།། ས་ཡེ་གདུག་པའི་ནད་རྣམས་ཀུན།། མཐུན་པའི་རྫས་ཀྱིས་སེལ་བར་བྱེད།། ཕན་གནོད་ཐུན་མོང་དངོས་གྲུབ་སྟེར།། ས་ལམ་གསང་སྔག
219a7 ཏིང་འཛིན་བགྲོད།། རིག་འཛིན་ལམ་གྱི་འབྲས་བུར་འགྱུར།། སྦྱོར་དྲུག་རྫོགས་རིམ་གནས་མཐར་ཕྱིན།། རྔོག་མ་ལབ་རྒན་དབང་སྤུང་དྲུང་།། མ་ལུས་གྱུར་ནས་གསུང་ཁྱོད་འདུད།། ཅེས་བསྟོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་ལ་འདི་སྐད་གསུང་སོ།། དབང་ཆེན་སྐུ་འཕྲུལ་བ་འདུས།
iiif viewer powered by OpenSeadragon
218b - 219b