e-texts navigator
Collection
Volume
Page
Wylie

218b1 རྣམས།། བརྡ་འདོན་ལྷ་ཡེ་ཏིང་འཛིན་ནི།། ཇི་ལྟར་ཡིན་པ་ཡད་ལ་བྱ།། དེས་ཟིན་ཆོག་རིམ་གྱིས་བསྐྱེད།། སྐད་ཅིག་གཅིག་ལ་རྫོགས་ཚུལ་ལམ།། བག་ཆགས་ཤུགས་ས་མ་མོས་པ་དང་།། ད་རྒྱལ་དག་གིསོ་ནས་སྣང་།། མ་ཡེངས་པ་ཡི་སེམས་ཀྱིས་གཟུང་།། འཟླས་བ
218b2 ཞིང་བསམ་གཏན་འཇུག། བཟླས་བརྗོད་བྱེད་པའི་ཚོན་ཡང་།། ལྷ་ནི་མི་བསམ་མ་དམིགས་རུང་།། ལས་ས་མ་འབྲས་བུ་གང་དམིགས་ཀྱང་།། སྐྱེང་ན་དམིགས་པ་རྩ་གཟིག་ལ།། འབད་པས་མཐུ་དང་བྱེན་རླངས་ཆེ།། སྤྱིར་ན་ལྷ་ཡི་དེ་ཁོ་ན།། ཉིད་ལས་འགྲུབ་པའི
218b3 འགྲུབ།། དོན་དམ་སེམས་ཀྱི་ལྷ་དང་ནི།། ཀུན་རྫོབ་མཚན་མའི་ལྷ་ཉིད་ལ།། སེམས་དཔའ་བྱེ་བྲག་ལྷ་ཞེས་བྱ།། མིང་དུ་ལྟར་ནི་བཏགས་པ་ཡིན།། དམཚིག་ཅན་གྱི་སྐྱེ་བོའི་ལྷ།། ཕྱག་རྒྱའི་མཚན་མ་ལྟར་གྲགས་པ།། བཏགས་པས་རྣམ་པ་དུ་མར་འཇུག། རྣམ་པར་སྨིན་པའི
218b4 ལུས་དབྱིབས་ཀྱིས།། བྱེ་བྲག་དཔེ་ཕྱེ་ཞེས་པ་དང་།། དེ་ཉིད་བདག་གི་ཆེན་པོའོ།། མཚན་མའི་གཟུགས་ཞེས་བཏགས་པ་དང་།། དེ་ཉིད་སྐྱེ་བོའི་བྱིན་རླབས་སོགས།། རུས་མཐུ་ཅན་ཞེས་བཏགས་པ་དང་།། དེ་ཉིད་རྣམ་པར་སྨིན་པའི་གཟུགས།། བྱེ་བྲག་ཡེ་ཤེས་བྱིན་བཅཝ
218b5 ཉིད།། དབྱེར་མེད་འདྲེས་ནས་ལྷ་ཞེས་བཏགས།། དེ་ཉིད་བདག་ཉིད་ཆེན་པོ་རྣམ།། ཐུགས་ནི་གསང་བའི་ཡེ་ཤེས་ཉིད།། མཚན་མའི་གཟུགས་སུ་སྤྲུལ་པ་སྟེ།། ཆུ་ཉིད་གྲང་བའི་རྐྱེན་གྱིས་ནི།། འཁྱགས་རོས་གྱུར་པ་ལྟ་བུའོ།། ཆོས་རྣམས་ལྷུན་གྱིས་གྲུབ་པ་ཡི།།
218b6 རྒྱའི་རང་བཞིན་ཡིན་པ་ལ།། ལས་ཀྱི་འཕྲོ་དང་སྐལ་བ་ཡི།། དབང་གིས་སོ་སོར་སྣང་བ་དེ།། ཤིན་ཏུ་དག་པར་འདུལ་གྱུར་རྣམས།། ལོངས་སྤྱོད་རྫོགས་པའི་སྲུར་སྣང་ངོ་།། སེམས་ཅན་ཁེངས་པ་དག་ལ་ཡང་།། ལས་ནི་དག་པར་གྱུར་རྣམས་ལ།། སྤྲུལ་སུ་རབ་བྱུང་ཆ
218b7 ལྤགས་སྣང་།། དེ་ཡི་འོག་མ་རྣམས་ལ་ནི།། ཆ་ཤས་དག་གིས་ཕྱག་རྒྱར་སྣང་།། དེ་ཡི་འོག་མ་རྣམས་ལ་ནི།། ཐུན་མོང་གཟུགས་བརྙན་ལ་བརྟེན་པའི།། ཕྱག་རྒྱ་ཐ་དད་སྣང་བས་ཏེ།། ཐམས་ཅད་ལྡན་གྱིས་གྲུབ་པ་ལ།། ཕྱག་རྒྱའི་བྱེ་བྲག་མེད་པར་འདོད།། དེ་ལྟར་སྣང་།




iiif viewer powered by OpenSeadragon

218a - 219a

Texts on this page

Gdg018.8 - de bzhin gshegs pa thams cad kyi dgongs pa khro bo 'dus pa/ bde gshegs spyi dril rta mgrin rngog ma le brgan gyi rgyud