| | e-texts navigator
|
181a1 ས་ན། བྱུ་ཅད་པ་ད་མས་ནཿ། མ་ད་པ་མ་དུ་། ས་མ
181a2 མཐའ་དབང་ཕྱུག་རྔུར་སྨྲ་བར་འགྱུར་རོ།། འཐད་པ་བསྒྲུབ་པའི་རིགས་པ་ཐལ་དྲགས་ན། རིགས་པ་གནས་སྐབས་ཐམས་ཅད་དུ་དྲི་མ་མེད་པར་མི་འགྱུར་ཏེ། མཐར་མངོན་པའི་དརྒྱལ་ཏུ་འགྱུར་རོ།། འདི་རྣམས་གཞིའི་སྒྲུ་བྱེད་ལ་གཟིགས་སོ།། དངོས་པོ་ན་རྣམས
181a3 པོར་བསྒྲུབ་ན། ཆོས་ཉིད་ཀྱི་རིགས་པས་ལྟ་བ་བསྒྲིབ་སྟེ། འདུ་ཤེས་ཀྱི་ཁྱད་པར་དུ་བྱས་པའི་བློས་དམྱིགས་པ་དང་། ཚོར་རབས་བྱུང་པར་དུ་བྱས་པའི་བློལ་སྣང་བ་དང་། ཤེས་རབ་དྲི་མ་མེད་པའི་ཁྱད་པར་དུ་བྱས་པའི་སྤོས་རྟོགས་པའོ།། དེ་ཡང་སྔོ་སོང་རྟགས་པའི་རྣ
181a4 རབ་དང་། རྣམ་པར་མི་རྟོག་པའི་ཤེས་རབ་བོ།། བྱ་བ་བྱེད་པའི་རིགས་པ་ནི། མཚན་བཅས་བསྐྱེད་པའི་རིམ་པ་དང་། མཚན་མེད་རྫོགས་པའི་རིམ་པ་དང་། ས་དང་ལམ་དང་འབྲས་བུའི་བྱ་བ་བྱེད་དོ།། ལྟོས་པའི་རིགས་པས་ནི་ས་ལས་དགེ་སྡིག་ལ་ལྟོས་པས་འབྲས
181a5 བུ་མཐོ་རིས་ངན་སོང་བསྒྲུབ་པ་དང་།། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ལ་ལྟོས་པས་ཆོས་སྐུ་དང་གཟུགས་སུ་བསྒྲུབ་པའི།། འཐད་པ་བསྒྲུབ་པའི་རིགས་པ་ནི་མངོན་སུམ་དང་། རྗེས་སུ་དཔག་པས། ཆོས་ཐམས་ཅད་གཏན་ལ་འབེབས་པར་བསྒྲུབ་པ་ནི། རང
181a6 གཞུང་བསྒྲུབ་པ་དང་། གཞན་གཞུང་དགག་པའོ།། དེ་ཡང་ཡོད་པར་བསླབ་པ་དང་། ཡིན་པར་བསྒྲུབ་པས་ཆད་པ་སེལ་ཏེ། མེད་པ་དགག་པ་དང་མ་ཡིན་པ་དགག་པས་རྟག་པ་སེལ་ལོ།། མཐའ་ཐམས་ཅད་ལས་གྲོལ་བའི་ཆོས་ཉིད་རྣམ་པར་དག་པ་ལ་གཟིགས
181a7 དས་ཅང་མི་གསུང་། རྣམ་པར་མི་གསུང་། ཡོངས་སུ་མི་གསུང་བར་བཞུགས་སོ།། དེའི་ཚེ་ཡུ་མ་ར་ལ་གཅིག་མས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས། འདི་སྐད་ཅེས་གསོལ་ཏེ། འཇིག་རྟེན་ས་དང་ལམ་གནས་པའི།། བློ་རྟོག་དཔྱད་པས་མ་འོངས
iiif viewer powered by OpenSeadragon
180b - 181b