| | e-texts navigator
|
180b1 འབྱུང་བའི་མཚན་ཉིད་ལ། ལྔ་ཉིད་ཀྱི་ནོ་ནས་སྒྲུབ་པར་བྱེད་པ་ནི། མོས་རྙེ་ཀྱི་རིགས་པ་དང་། འབྲས་བུའི་སྨྲནང་སྒྲུབ་པར་བྱེད་པནི་བྱུང་བྱེད་པའི་དགས་པ་དང་། བུའི་སྒོནས་རྫང་བར་བྱེད་པ་ན་སྨོས་པའི་རིགས་པ་དང་། རིགས་པ་ཉིད་དྲིམ་ས་དཔ
180b2 སྐྲད་པ་ནི་འཐད་པ་བསྒྲུབ་པའི་རིགས་པ་བཞིར་གཟིགས་སོ།། འདི་རྣམས་ཀྱི་སེལ་བ་རྣམ་པ་བཞིར་གཟིགས་སོ།། ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་ནི་ཆོས་ཉིད་ཀྱི་རིགས་པས་སེལ་ལོ།། བྱེད་པ་ལ་ཐེ་ཚོམ་ཟ་ནི་བྱ་བ་བྱེད་པའི་རིགས་པས་སེལ་ལོ།། མངོན་པར་སྤང
180b3 པ་ནི་ཐེ་ཚོམ་ཟ་བ་ནི་ལྟོས་པའི་རིགས་པས་སེལ་ལོ།། རིགས་པ་ལ་ཐེ་ཚོམ་ཟ་བ་ནི་འཐད་པ་བསྒྲུབ་པའི་རིགས་པས་སེལ་ལོ།། འདི་རྣམས་ཀྱི་ཡུལ་དང་མཚན་ལ་གཟིགས་པ་ནི། ཆོས་ཉིད་ཀྱི་དངོས་གཞི་ལ་དྲི་མ་མེད་ཅིང་། དངོས་གཞི་མ་ལོས་ན་ཆོས་ཉིད་ཀྱི་རིགས
180b4 པར་གཞག་གོ།། བྱེད་པ་འདྲིམ་མེད་ཅིང་དངོས་གཞི་མ་ལོག་ན་བྱ་བ་བྱེད་པའི་རིགས་པར་གཞག་གོ།། དངོས་པོ་བསླབ་པའི་དྲིམ་མེད་ཅིང་དངས་གནམ་པག་ན་ལྟོས་པའི་རིགས་པར་གཞག་གོ།། རིགས་པའི་དངོས་ཞི་འདྲིམ་མེད་ཅིང་དངས་གའི་ལོ་ན་འཇ་པ
180b5 པའི་རིགས་པར་གཞག་གོ།། དེ་ལ་ཆོས་ཉིད་ཀྱི་དངོས་གཞི་ལ་དྲི་མ་ཡོད་པ་ནི། མེ་ཤེལ་ལ་ཚ་བའི་རེག་པ་ཡོད་པ་ལྟ་བུའོ།། དེ་ལ་དངོས་གཞི་ལོག་པ་ནི། རི་དགས་མེའི་གཙང་སྦྲ་ཅན་ལ་མེ་ཚེ་བའི་དངོས་གཞི་ལོག་པ་ལྟ་བུའོ།། བྱ་བ་བྱེད་པའི་དངོས་གཞི་ལ་དྲི་མ་ཡོད་པ་ནི་བཙན་དུག་གིས
180b6 སེམས་ཅན་འཆེ་བ་ལྟ་བུའོ།། དེ་ལ་དངོས་གཞི་ལག་པ་ནི་རྦ་བྱ་ལྟ་བུའོ།། ཐོས་པའི་དངོས་གཞི་ལ། དྲི་མ་ཡོད་པ་ནི་བློ་དམན་པའི་ས་བོན་མགོ་བའོ།། དེ་ལ་དངོས་གཞི་ལོག་པ་ནི་ས་བོན་སྐྱེ་བའི་ཐབས་ལ་མཁས་པ་ལྟ་བུའོ།། འཐད་པ་བསྒྲུབ་པའི་དངོས་བཞི་དྲིམ་ཡོད་པ་ནི་ཆོས
180b7 དང་རང་གི་མཚན་ཉིད་ལ་རྨོངས་པའོ།། དེ་ལ་དངོས་གཞི་ལོག་པ་ནི།། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས་མི་དམིགས་པའི་ཤེས་རབ་ཏུ་གྱུར་པ་ཁོ་ནའོ།། རིགས་པ་འདི་བཞི་ཐལ་བ་ལ་གཟིགས་པ་ནི། ཆོས་ཉིད་ཀྱི་རིགས་པ་སྲུབ་པ་ཐལ་དྲགས་ན། དངོས་པོ་ཐམས་ཅད་ལས་མེ་ལྡོག་སྟེ། མཐའ
iiif viewer powered by OpenSeadragon
180a - 181a