| | e-texts navigator
|
179b1 འབྲལ་མེད་པ་ཡིས།། གསང་བའི་སྦྱིན་བསྲེག་འགྲུབ་པ་ཡིས།། དབང་ཆེན་འདུས་པའི་ཏན་ཏྲ་ལས། སྦྱིན་སྲེག་གི་ལབུ་སྟེ་ཉི་ཤུ་རྩ་གསུམ་པའོ།། ། དེ་ནས་འཁོར་རྣམས་རབ་ཏུ་དག་འཞིང་ལུས་པ་དང་བཅས་པར། བུང་མ་དང་། གངག
179b2 དང་།། བད་ན་དང་། སི་ལ་སྟན་དང་། པདྨ་དང་། བན་དྷ་ཀ་དང་། ཨུཏྤ་ལ་སོགས་པ་དང་། གཟུགས་དང་། སྐྲ་དང་། དྲྀ་དང་། རོ་དང་། རེག་བྱ་དང་། ཆོས་འསོགས་པ་དང་། དགའ་བ་དང་། ང་དེང་དང་། ཚིམ་པ་དང་།། ཡི་ལ
179b3 པོས་མཆོད་ནས། གསོལ་པ། མགོན་པོ་བདག་ཅག་འདུས་པ་ཡིས།། ཆུད་འདི་བཟུང་ཞིང་བཅད་པ་དང་།། ཇི་ལྟར་བཤད་ཅིང་བསྟན་པར་བྱ།། གུས་པས་ནམ་ཡང་མི་སྤང་ངོ་།། ཞེས་ནུས་པ་དང་། སྟོན་པས་བཀའ་སྩལ་པ།། གང་གིས་བསྐལ་པ
179b4 སྦྱང་དཀའ་བ།། ངེས་པའི་བློ་ལྡན་ཅན་ལ་སྟེ།། དྲང་དོན་ངེས་པའི་དོན་དུ་བཤད།། ཇི་བཞིན་ཇི་བཞིན་མ་ཡིན་པ།། དགོངས་པ་དགོངས་མེན་རྣམ་པ་དྲུག།། གསང་སྔགས་དོན་གྱི་རྒྱུད་བཤད་བྱ།། ཡི་དམ་ཉིད་དུ་ངེས་པར་ཟུང་།། དེ་ལྟར་མི་ལྡན་སྐལ་མེད་ལ།
179b5 འཕྱར་བ་གཡེང་བས་བྱིན་གྱུར་ན།། དུར་ཁྲོད་དཔའ་བོ་དཔའ་མོ་རྣམས།། འདུས་ནས་ཤ་ཟ་སྲོག་ལ་འབེབས།། ཞེས་གསུངས་པས།། འཁོར་དེར་འདུས་པ་ཐམས་ཅད་ཀྱང་།། བདེ་བ་ཆེན་པོའི་དོན་མངོན་དུ་བྱས། སྐུ་གསུམ་དབྱེར་མེད་ལུན་གྲུབ་ཀྱི་ངང་དུ་བཞུ
179b6 པར་གྱུར་ཏོ།། དགོངས་པ་དེ་མངོན་དུ་གྱུར་ནས།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་།། བཅོམ་ལྡན་འདས་ལ་རྗེས་སུ་ཡི་རངས་པར་གྱུར་ཏོ།། བཅོམ་ལྡན་འདས་ཉིད་སྐུ་གསུང་ཐུགས།། ལྷན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་སཁྲུགས་སོ།། དང
179b7 འདུས་པའི་རྒྱུད་ལས། མཇུག་རྗེས་སུ་ཡི་རངས་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། རྒྱུད་ཀྱི་རྒྱལ་པོ་དབང་ཆེན་འདུས་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པཎྜི་ཏ་པདྨ་འབྱུང་གནས་དང་། ཡོད་ཀྱིལོ་ཙྪ་བ་སྤོ་ས་ཤི་ཏ་དང་། ངན་ལ་མཎྜལ་ལ་མཆོག་དབྱངས་དང་།
iiif viewer powered by OpenSeadragon
179a - 180a