e-texts navigator
Collection
Volume
Page
Wylie

16a1 གྱིས་འགྲུབ་པར་བྱེད།། ཝང་འདི་རྗེ་དང་འདྲ་སྟེ་གཟུང་བར་བདེ།། འབངས་རྣམས་ཇི་ལྟར་འདོད་པའི་དགོས་དགུ་འབྱུང་།། མན་ངག་མ་དང་འདྲ་སྟེ་མི་བསྲུ་ངེས།། རྒྱལ་པོ་ལྟ་བུར་རང་ས་འཛིན་པའོ།། ཇེ་ཡིས་རངས་འཛིན་པར་མ་གྱུར
16a2 ན།། རྗེ་བིས་འབདུན་ཀྱི་ཆོས་ཀྱང་མི་བྱེད་ལ།། འབངས་རྣམས་ལས་ལ་གང་གིས་དགོས་མི་དུས།། དཔྱི་རྒྱུད་དངདུ་ལུང་དང་མན་ངག་གིས།། མེ་སེམས་རངབ་ཏུ་བཞད་ཀྱིས་ཉོན།། རྒྱུད་རྣམས་ལྡན་ལཕུན་སུམ་ཚོགས་པས།། འདི་ན་ཞི་བར་མཛད་པ་མེ་དྲུག་དང་།
16a3 ཆོས་དབྱིངས་འོག་མིན་བཙུན་མོའི་བྷ་ག་དང་།། འཛམ་གླིང་ལ་སོགས་སྟོང་གསུམ་གནས་སུ་འདོད།། སྐད་ནི་གསལ་བྱེད་ལས་ནི་ཝཾ་གྱིས་མཚོན།། སྟོང་པ་གསལ་བྱེད་དུ་གསུམ་ལ་སོགས་ཏེ།། རང་བཞིན་ཆོས་ཕྱི་ལོངས་སྤྱོད་ཚོགས་མཛད་པ།
16a4 སྦྲུལ་ཕྱས་ཆོས་ཀྱི་དོན་རྣམས་མ་ལུས་གསུངས།། བདག་ནི་མ་ཉེ་འཁོར་དང་ལྡུད་པའོ།། ཉིད་ལས་མི་གཞན་འཁོར་ནི་བདེ་བར་གཤེགས།། སྲས་ཚོགས་སེམས་དཔའ་སེམས་མ་ཡབ་ཡུམ་དང་།། གདུག་པ་འདུལ་བྱེད་ཁོ་བོ་མང་པོའི་ཚོགས།། བསྟན་པ་ཀྱང
16a5 བྱེད་ཕྱི་ནང་ལྷ་སྲིན་རྣམས།། དད་པས་གཏམ་ཉན་རིག་འཛིན་ཕོ་མོ་རྣམས།། ཐོས་པས་ཡཱ་སྟེ་བསྟན་པས་རང་རྒྱུད་འདུལ།། ཉོན་མོངས་གདུལ་བྱ་སྟོང་ཕྲག་བརྒྱད་ཅུ་བཞི།། དེ་ཉིད་ཆོས་རྣམས་བཤད་པས་ཉོན་མོངས་ཞི།། རྨད་བྱུང་ཆོས་ཀྱི་འཁོར་ལོ་མ་ལུས་གསུངས།།
16a6 ཕུན་སུམ་མཆོད་རྟེན་རྒྱད་དོན་ཚང་བ་ནི།། ལྷ་སྤྱོད་དཀྱིལ་འཁོར་དབང་དང་དམ་ཚིག་དང་།། ཕྲིན་སྲུབ་མཆོད་སྔགས་ཏིང་འཛིན་ཕྱག་རྒྱ་སོགས།། ཐབས་དང་སྨན་སྦྱོར་ཆུ་བོའི་དཔེ་ཡིས་མཚོན།། མི་ནུང་རྒྱས་ཕྱིར་གཏད་ནས་རྗེས་ཡི་རང་།། བདག་རྐྱེན་མཛད་པའི་བཀའ
16a7 རྣམས་ཁྭ་ཡིས་བཤད།། ཀྱང་རྣམས་འདོད་སྤྱོད་བདུན་དུ་ཀུན་གནས་ཀྱང་།། བཟུང་བདེ་ལུང་དང་མཚུངས་པས་ལུང་དུ་གྲགས།། རང་བཞིན་དཀྱིལ་འཁོར་བསྐྱེད་དང་ཡེ་ཤེས་བསྒྲུབ།། རྫོགས་པའི་རིམ་པ་བཟང་པོར་བསྒོམ་པའོ།། རང་བཞིན་དཀྱིལ་འཁོར་གནས་དང་བདག




iiif viewer powered by OpenSeadragon

15b - 16b

Texts on this page

Gdg018.2 - dpal pad+ma dbang chen pad+ma gar gyi dbang phyug gis dregs pa can gzan la 'bebs pa'i phrin las kyi rgyud