e-texts navigator
Collection
Volume
Page
Wylie

157b1 པས། དམར་གསལ་མཆེ་བའི་རྫས་དང་ལྡན་པས། ཏ་ཀི་རཱངལ་པོ་ལ་ནུབ་པར་གཟིར་བས། ཚམ་རྔ་མ་ཆེན་པོས་ཉམ་ང་བར་བྱའོ།། གདུལ་བྱའི་ཞབས་གཅིག་བྱང་ཕྱོགས་སུ་བགྲད་པས། ཤུ་ཀེན་ཆུ་རིས་དང་གྱི་ཆས་དང་ལྡན་པས། ཨ་མྲྀ་ཏ་ཀྲནཱ་ལི་ལ་བོལ་ནུབ
157b2 པར་གཟིར་པས། ཚམ་རྔ་མྲ་ཆེན་པོས་ཉམ་ང་བར་བྱའོ།། གདུལ་བྱའི་ཞབས་གཅིག་ཀྱང་ཤར་མཚམས་སུ་བགྲད་པས། གཅན་གཟན་གཟིག་གི་ཆས་དང་ལྡན་པས། མ་ཧཱ་བ་ལ་འཁོལ་ནུབ་པར་གཟིར་བས།། ཚམ་རྔམྲ་ཆེན་པོས་ཉམ་ང་བར་བྱས་ཏེ། འདི་སྐད་ཅེས་བརྗོད
157b3 ཧཱུཾ་ཀཱ་ར་པྲ་བེ་ཤ་ཡ་ཕཊ་ནན། ཨཱརྱ་ཨ་ཙ་ལ་པྲ་བེ་ཤ་ཡ་ཕཊ་ནན། ཡ་མཱནྟ་ཀ་པྲ་བེ་ཤ་ཡ་ཕཊ་ནན། ནི་ལ་དརྡྷ་པྲ་བེ་ཤ་ལ་ཕཊ་ནན། པདྨ་ཀུཎྜ་ལི་པྲ་བེ་ཤ་ཡ་ཕཊ་ནན། ཏ་ཀི་རཱ་ཛ་པྲ་བེ་ཤ་ཡ་ཕཊ་ནན། ཨ་མྲྀ་ཏ་ཀུཎྜ་ལི་ཟ་བེ་ཤ་ཡ་ཕཊ་ནན། མ་ཧཱ་བ་ལ་པྲ་བེ་ཤ་ཡ་ལཊ་ནན། དེ་ལྟར
157b4 གནོན་ཅིང་གཟིར་བ་ཡར།། དོན་དུ་དབྱིངས་དང་ཡེ་ཤེས་ལ།། རྟགས་ནི་ཐབས་དང་ཤེས་རབ་པོ།། ཕྱག་རྒྱ་ཆེན་པོའི་སྐུར་བསྒོམས་ནས།། ཟིལ་གནོན་དྲག་པོའི་ལས་བྱས་པས།། སྡུག་བསྔལ་ཆུ་བོ་རྒྱན་བསྐམས་ཏེ།། སྔོན་གྱི་ཀྱལ་བ་རྣམས་ཀྱི་བཀའ།། ཞི་བས་ཐ
157b5 ཅད་ཚིམ་པར་མཛོད། རྒྱས་པས་མ་ལུས་མངོན་སངས་རྒྱས།། དབང་གིས་དབང་དུ་མ་འདུས་མེད།། མངོན་སྤྱོད་བྱིན་གྱིས་བརླབ་པ་ནི།། ཐབས་ལ་མཁས་པའི་མཛད་སྤྱོད་ཀྱིས།། བསད་ཅིང་མནན་པ་མ་ལུས་ཀུན།། ཕྲ་མོའི་སྐུར་བསྐྱེད་བསླར་དོན་བྱས།། སླར་འདུས་ཆོས་ཀྱི་དབྱིངས་སུ་དྲིམ།། དམི
157b6 པ་མེད་པའི་ཆོས་སྐུར་བསྒོམ།། དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཟིལ་གནོན་དྲག་པོའི་ལེའུ་སྟེ་དྲུག་ཅུ་རྩ་བཞི་པའོ།། ། རྫོགས་སོ།། །། དཔལ་གྱི་མགུར་ནས་གསུངས་པའི་དབང་ཆེན་ཏན་ཏྲ་འདི།། ཕྱི་རབས་རྣལ་འབྱོར་འགའ་ཡི་སྤྱོད་ཡུལ་མ་གཏོགས་པ།། མིང་ཙམ
157b7 རྣལ་འབྱོར་ཀུན་གྱི་ཐུན་མོར་མིན།། ཡོན་ཏན་གཏན་དུ་ནུབ་པར་མི་བྱའི་ཕྱིར།། ཡང་དབང་གཏེར་དུ་སྦས་ཤིང་འགའ་དང་འགའ་ལ་བརྒྱད།། པདྨ་དབང་ཆེན་ལ་སྤྱིར་ལེའུ་བདུན་ཅུ་བཞུགས་པ་ལས། འདི་ལ་ལེའུ་དྲུག་ཅུ་རྩ་བཞི་ལས་མི་གསུངས་ཏེ་ལེའུ་དྲུག་ཙམ་མ་འདུས་སོ།།




iiif viewer powered by OpenSeadragon

157a - 158a

Texts on this page

Gdg018.6 - dbang chen bsdus pa'i tan+t+ra