e-texts navigator
Collection
Volume
Page
Wylie

157a1 རྟེན་ཡོངས་སྒྲོལ་མཛད་པ་ཚེ།། དབང་ཆེན་བསྡུས་པའི་ཏན་ན་ལས།། ཟིལ་ནོན་དྲག་པོའི་ལེའུ་འདི་གསུངས།། ཨཱནཱ་ཤ་ཡ་སྟམྦྷ་ཡ། ནཱ་ཤ་སྟཱ་སྟཱ་ཡ། སུ་མ་ཐཱ་ནི་སམ་བྷདྷ། བཏགཿ། བབྷཱ་པ་ཡ་ཊྚ། གྲྀཧྞཱ་པ་ཡ་ཏྲཾ། ཨཱན་མཙྭ་ཉ་ག་དྷ
157a2 དྷ་རཱ་ངོན་ན་ནན། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། འབར་བ་ཆེན་པོར་བདག་བསྐྱེད་ལ།། དབུ་ལྔ་བཅུ་དྲུག་ཕྱག་རྒྱ་ལྡན།། ཏིང་འཛིན་བརྒྱད་ཀྱིས་བྱིན་བརླབས་པས། དམར་པོ་ཞབས་བརྒྱད་ལྡན་པ་ཡིས།། བག་ཆགས་མི་ལྡན་གནོན་པའི་ཕྱིར།། ཚིམ་རྔན་ཆེན་པོས་འདིན
157a3 རྙིངས་མེད་ཆེ་བའི་ཁྱད་པར་རབ་སྟོན་ཅིང།། ང་རྒྱལ་མཐུ་བསྙེངས་བདུད་ཀྱི་དཔུང་བཅོམ་ནས།། འཇིག་རྟེན་འདས་པའི་དེ་བ་བརྐྱང་།། ཆེ་བའི་རྟག་དང་ལྡན་པས་དབང་ཕྱུག་ཡང་ཆེན་གནོན།། ཞབས་བརྒྱད་ཏིང་འཛིན་བརྒྱད་ཀྱི་ཆས་དང་ལྡན།། བཀའ་དང་དམ་ཚིག་གནས་པ
157a4 གར་མ་ཐིག་མ་ནུབ་ཅིང་སྐལ་ཚིགས་འཇོམས། ཉོན་མོངས་ཉམ་ཐག་འབོད་སྒྲོག་དིར་རེ་རེ།། ཞེས་བརྗོད་ལ། གདུལ་བྱའི་ཞབས་གཅིག་ཤར་དུ་བགྲད་པས། དཔའ་བོ་སྟག་གི་ཆས་དང་ལྡན་པས། ཧཱུཾ་ཀ་ར་ལ་པོ་ལ་ནུབ་པར་གཟིར་བས། ཚམ་རྔས་ཆེན་པོས་ཉམ
157a5 འོ།། གདུལ་བྱའི་ཞབས་གཅིག་ཤར་ལྷོ་མཚམས་སུ་བགྲད་པས། རྣོ་གདུག་ཟློག་བྱེད་རྒྱ་བྱེའུ་ཆས་དང་ལྡན་པས། ཨཱརྱ་ཨཙལ་པོ་ལ་ནུབ་པར་གཟིར་བས་ཆམ་རྔ་མྲ་ཆེན་པོས་ཉམ་ང་བར་བྱའོ།། གདུལ་བྱའི་ཞབས་གཅིག་གོ་ཕྱོགས་སུ་བགྲད་པས། ཤེས་རབ་ཏུ
157a6 འཛིན་རྡོ་རྗེ་འཆོལ་བའི་ཆས་དང་ལྡན་པས་ཡ་མན་ཏ་ཀ་ལ་བོ་ལ་ནུབ་པར་གཟིར་པས་ཚ་མ་རྔ་མྲ་ཆེན་པོས་ལྡན་པར་བྱའོ།། གདུལ་བྱའི་ཞབས་གཅིག་ལྷོ་ནུབ་ཏུ་བགྲད་པས། དབང་གི་བས་ཁྲབ་ཆས་དང་ལྡན་པས། ནཱི་ལ་དཎྜལ་བ་ལ་ནུབ་པར་གཟིར་བས། ཚ་མ་རམྲ་ཆེན་པོས
157a7 ཉམས་པར་བྱའོ།། གདུལ་བྱའི་ཞབས་གཅིག་ནུབ་ཏུ་བགྲད་པས། དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྱིལ་པའི་ཆས་དང་ལྡན་པས། པདྨ་ཀྲཎྜ་ལི་ལ་པོ་ལ་ནུབ་པར་གཟིར་བས། ཚམ་རྔ་མྲ་ཆེན་པོས་ཉམ་ང་བར་བྱས་སོ།། གདུལ་བྱའི་ཞབས་གཅིག་ནུབ་བྱང་དུ་བགྲང




iiif viewer powered by OpenSeadragon

156b - 157b

Texts on this page

Gdg018.6 - dbang chen bsdus pa'i tan+t+ra