e-texts navigator
Collection
Volume
Page
Wylie

156b1 ནོར་བུ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་གསལ།། ཧཱུཾ། གཡས་པ་བརྒྱད་ན་ལྕགས་ཀྱུ་འབར།། ཆོ་ག་གསུམ་ལྡན་ཕྲ་མེ་ནཱ་མ།། གཙོ་བོ་གཉིས་མེད་སྦྱོར་བ་ལས།། ལྕགས་ཀྱུ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིག།། གཡོན་པ
156b2 བརྒྱད་ན་མཚོན་ཆ་འབར།། ཆོ་ག་གསུམ་ལྡན་བཛྲ་སྟེ།། གཙོ་བོ་གཉིས་མེད་སྦྱོར་བ་ལས།། མཚོན་ཆ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིགས།། ཀྲྀ། ཞབས་བརྒྱད་འབར་བའི་ཆས་བརྒྱད་འབར།། ཆོ་ག་གསུམ་ལྡན་ཡུམ་གྱི་མཁའ།། གཅ་དང་ག
156b3 མེད་འཇིལ་པ་ལས།། ཆས་བརྒྱད་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིགས།། ཕཊ། སྐུ་གསུང་ཐུགས་ལས་རྣམ་སྤྲུལ་པའི།། སྒོ་སྟོར་ཁྲོ་བོ་མགོ་དགུ་བརྩེགས།། ཁམ་གྱམ་དང་ལོང་བའི་ཚོགས།། དམུས་ལོང་དང་ནི་ཁྱི་སྤྱང་རྣམས།། དབང་ཆེན་སྐུ་ལ་རབ་ཏུ་འབར།།
156b4 ཆོ་ག་གསུམ་ལྡན་སྤྲུལ་པའི་ཚོགས།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། འཁོར་རྣམས་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིགས།། འདི་ནི་ཡེ་ཤེས་རྒྱན་གྱི་གླུ།། རྒྱན་ཉིད་ཡེ་ཤེས་ཀླུ་བླངས་པས།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། བདག་ཉིད་ཕྱ
156b5 མཆོག་འབར།། ཨོཾ། འཁོར་ལོ་ཡེ་ཤེས་ཅན་རྣམས་ཀྱིས།། འཁོར་ལོ་རྡོ་རྗེ་བསྒོམ་བྱས་ན།། དེ་ཉིད་ཆོས་སུ་ནམ་མཁའ་ཆེ་ཧོ།། ཧཱུཾ། ཡེ་ཤེས་རྡོ་རྗེ་ཅན་རྣམས་ནི།། རྡོ་རྡོརྗེ་རྡོ་རྗེ་བསྒོམ་བྱས་ན།། དེ་ཉིད་ཆོས་དབྱིངས་དང་ལ་རྫོགས་ཏོ།། རིན་ཆེན་ཡེ་ཤོས་ཅན་རྣམས་ནི།། རིན་ཆེན་རྡོ
156b6 བྱས་ནས།། དེ་ཉིད་ལོངས་སྤྱོད་ལྷུན་གྱིས་གྲུབ་ཏོ།། པདྨ་ཡེ་ཤེས་ཅན་རྣམས་ནི།། པདྨ་རྡོ་རྗེར་བསྒོམ་བྱས་ན།། དེ་ཉིད་བརྟན་པར་འགྱུར་བ་མེད་ཏོ།། རྒྱ་མ་མ་རྡོ་རྗེ་ཅན་རྣམས་ནི།། རྒྱ་གྲམ་རྡོ་རྗེ་བསྒོམ་བྱས་ནས།། དེ་ཉིད་སྦལ་སྐྲ་ངོ་མཚོར་ཆེ་ཧོ།། རྒྱན་ཉིད་ཡེ་ཤེས་བླ་བླངས་པས།
156b7 བསྐུལ་དང་དོན་གྱིས་འདུས་པ་དང་།། ཐམས་ཅད་སུ་སྟེ་དངོས་མེད་བྱ།། སྟོང་པ་ཆེན་པོའི་ངང་ལ་བཞག་ཏོ།། དབང་མིན་བསླུས་པའི་ཏན་ཏྲ་ལས། རྡོ་རྗེ་གསང་བའི་སྒྲའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། ། ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས།། འཇིག




iiif viewer powered by OpenSeadragon

156a - 157a

Texts on this page

Gdg018.6 - dbang chen bsdus pa'i tan+t+ra