e-texts navigator
Collection
Volume
Page
Wylie

156a1 མཁའ་ལ་བསྟིམ།། དེ་ནས་བཤགས་དང་སྦྱང་བ་དང་།། གྲཝ་བྲལ་སོགས་ལོངས་སྤྱོད་རྣམས།། མ་མ་དང་ནི་མཁའ་འགྲོ་དང་།། ཕོཉ་མ་མོ་བསྟེན་པའི་ཕྱིར།། ཆས་རབ་ལྡན་པས་འབད་ལ་བྱའོ།། དབང་ཆེན་བསྡུས་པའི་ཏན་རྫ་ལས། སྦྱིན
156a2 སྲེག་མཆོད་སྦྱིན་གྱི་ལེའུ་སྟེ་དྲུག་ཏུ་རེ་གཉིས་པའོ།། །། ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས།། དུས་གསུམ་སངས་རྒྱས་ཐམས་ཅད་མཉེས་པའི་ཕྱིར།། དབང་ཆེན་བསྡུས་པའི་ཏན་ཏྲ་ལས།། རྡོ་རྗེ་གྲཝ་ཡི་ལེའུ་འདི་གསུངས།། རྫོག་གསུམ་དང་ཏིང་འཛིན
156a3 བཅས་པ་ཡིས།། བདག་ཉིད་ཕྱག་རྒྱ་ཆེན་པོའི་ང་རྒྱལ་བསྐྱེད།། རྡོ་རྗེ་གསང་བའི་གླུ་འདི་བླང་།། ཨོཾ། གཙུག་ཏུ་འཁོར་ལོ་རྩིབས་བརྒྱད་འབར།། ཆོ་ག་གསུམ་ལྡན་སྣང་མཛད་ཆེ།། ཡུམ་དང་གཉིས་མེད་སྦྱོར་བ་ལས།། འཁོར་ལོ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང
156a4 བཞིན་མེད་པར་དམིགས།། ཧཱུཾ། དཔྲལ་བར་རྡོ་རྗེ་རྩེ་ལྔ་འབར།། ཆོ་གོ་གསུམ་ལྡན་རྡོ་རྗེ་སེམས།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། རྡོ་རྗེ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིགས།། སཱ་ལས་རིན་ཆེན་ཟུར་དྲུག་འབར།། ཆོ་ག་གསུམ་ལྡན་འབྱུང
156a5 ལྡན་ཆེ།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། རིན་ཆེན་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིགས།། ཨཱ་ལས་པདྨ་འདྲ་བ་བརྒྱད་དམར།། ཆོ་ག་གསུམ་ལྡན་སྣང་མཐའ་ཡས།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། པདྨ་སྙིང་གི་དབུས་སུ་བསྒོམ།། དེ་ལར
156a6 བཞིན་མེད་པར་དམིགས།། བྷཱུ་ལས་རྡོ་རྗེ་རྒྱ་གྲ་མ་དང་།། ཆོ་ག་གསུམ་ལྡན་དོན་ཡོད་གྲུབ།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། རྒྱ་གྲམ་སྙིང་གི་དབུས་སུ་བསྒོམ།། དེ་ལ་རང་བཞིན་མེད་པར་དམིགས།། གྲུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ།། རིགས་ལྔ་དཔལ་གྱི་གྲུ་བླངས
156a7 ལ།། གསང་བ་ཡུམ་གྱི་ཟོ་བརྡུངས་ཤིང་།། དཔའ་བོ་འབྲུ་ལྔས་དབང་བསྐུར་བས།། ཐམས་ཅད་མ་ལུས་ཕྱག་ཀྱའི་རྩ།། ལུས་པ་མེད་པ་ཆོས་ཀྱི་དབྱིངས།། ཧྲཱིཿརྟ་མགྲིན་གཙུག་ན་ནོར་བུ་འབར།། ཆོ་ག་གསུམ་ལྡན་ཧ་ཡ་གྲཱི།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།།




iiif viewer powered by OpenSeadragon

155b - 156b

Texts on this page

Gdg018.6 - dbang chen bsdus pa'i tan+t+ra