| | e-texts navigator
|
11b1 རྣམ་ཟང་གྱུར་ནས།། བྱང་མ་དོ་ཡི་སྲུད་ནི།། རྡོ་རྗེ་སེམས་དཔའི་སྤུན་བསྒོམ།། མོ་འདི་ཉིད་ཀྱིས་ཐམས་ཅད་མཐེན།། སངས་རྒྱས་ཞིང་ནས་མི་ལྡོག་པས།། བར་མཱ་ད་དུ་མངོན་འཆང་ན།། འདྲ་གསལ་བ་ནི་བརྣམ་པར་བྱ།། ཟུང་འཇུག་ཕྲ་ཡང་འཐུང་དུདུ
11b2 འགྱུར།། ཀུན་རྫོབ་དང་ནི་དོན་དམ་དགེ། སོ་སོའི་ཆ་ཡིས་ཕྱེ་གྱུར་ནོ།། ཡང་དག་ཉིད་དུ་འདྲེས་གྱུར་པས།། ཟུང་དུ་འཇུག་པར་དེ་བཤད་དོ།། ཟུང་དུ་འཇུག་པ་གཉིས་ཡོད་དེ།། སློབ་བཞིན་པ་དང་མི་སློབ་པ།། མི་སློབ་པ་རུ་གྱུར་ཙམ་ན།། བར
11b3 མདོ་རུ་མངོན་སངས་རྒྱ།། སྣང་བ་ཙམ་དང་གསལ་བཙམ།། སྣང་ལ་རང་གཞོན་མེད་པ་གཉིས།། སངས་རྒྱས་ཞིང་ནས་མི་ལྡོག་པས།། བར་མ་དོ་རུ་མངོན་སངས་རྒྱ།། འབྲས་བུ་བུ་གསུམ་ཐོབ་འགྱུར་བ།། ཆོས་སུ་དྲི་མ་མེད་པ་དང་།། ལོངས་སུ་རྒྱལ
11b4 རིགས་ལྔ་དང་།། སྦྲུལ་གྲུ་མཛད་པ་མཐར་ཕྱིན་ཞུས།། བདག་གཞན་མ་ལུས་བསྲུང་བ་དང་།། འགེགས་དང་བར་ཆད་བཟློག་པས་ན།། བདག་དོན་བྲེགས་པ་སྲུང་བཟློག་ཡིན།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། མཆོག
11b5 གི་དངོས་གྲུབ་བསྒྲུབ་པ་སྟེ་ལེའུ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས་ཐུན་མོང་གི་དངོས་གྲུབ་བདག་གཞན་གྱི་བར་ཚོད་སྲུང་བཟློག་འདི་གསུངས་སོ།། གཏི་མུག་གྲུ་གཉེནས་བདག་དང་།། འདོད་ཆགས་མ
11b6 བདུད་མོ་དང་།། ཞེ་སྡང་གཤིན་རྗེ་ལ་སོགས་པའི།། རང་གི་བར་ཆོད་སྲུང་བ་དང་།། ཕས་ཀྱི་གྲོང་བ་བཟློག་པར་གསུངས།། ཨོཾ་ཨ་གྷོ་ཏེ་ཀ་ཡཱ་མརྡྷ་ཀ་ཨེ་ས་ར་ཧཱུ~ཾ་ཕཊ། ཨེ་ཏེ་པྲེ་ཏེ་ཡས་ནན་མྲ་ཏྭོད་ཀར་ཀྵ་རཀྵ། ཕོ་རྒྱད་ཐམས་ཅད་སྤང་བའི་སྔགས་སོ།།
11b7 ཨ་ཨི་ནི་བ་ཞི་དྲི་ཤི་དྲ་བ་ནི་དེ་གི་རུང་ཤི་ཀི་ཀྱཻ་ནྱོ།། ཏ་པ་ལི་མུ་ལི་དུ་རུ་རུ་ཧཱུཾ་ཕཊ། ཀཾ་མ་ཙནྡ་མུ་ཏི་དྱ་རྱ་ཧཱུ~ཾ་ཕཊ། རཀྲ་མྲ་ཏེ་རུ་ལུ་རུ་ལུ་ཧཱུ~ཾ་ཛྱོདྷ། ཨེ་ཀཱ་ཪྠ་ནཱིཙྪི་པཱ་ལ་མི་ཤ་དགྲ་བོ་ལ་ཕཊ། ནག་མོ་རི་མ་ཏི་བདཱ་མི་ཏ་ར་ཏི་རུ་ཏི་ར་མ་ཏི་ཧ་རྦད་ཙྪ། མོ་རྒྱུད་ཐམས་ཅད་སྲུང་བའི་སྔགས་སོ།།
iiif viewer powered by OpenSeadragon
11a - 12a