| | e-texts navigator
|
70a1 ཀྱི་སྦྱང་བར་བཤད།། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྱག་རྒྱ་སེམས་ཀྱི་བསམ་གཏན་གྱི་སྔགས་འདི་གསུངས་སོ།། སརྦྦ་\ུ0f7fཏྟ་རོ་མྱགས་ཁ་ཟླ་སྲོག་གཟིར་སྦྱར་ནན་འདྲིད་ཕྱུང་ཁྲི་ཤག་ཆད། ཁ་ཆིངས་རྒྱལ་པོ་གས་བ
70a2 མཆོག། བསམ་གཏན་འཕྲུལ་གྱི་སྲུང་བར་བཤད།། ཕུངས་གསུམ་གྱི་ཐག་ཁུང་ནི།། འཁྱོར་གསུམ་པ་གྲུ་གསུམ་བརྩིག། ཁ་དོག་ནག་པོས་བྱུག་པའི་དབུས།། སྣ་ཚོགས་རྡོ་རྗེ་ལྔ་དགྲ་མངས།། གང་གནོད་ས་གནས་རྫས་རྣམས་ལ།། ག
70a3 པགསུམ་དང་སྡོང་ཐ་བྲི།། སྙིང་ག་གདུག་ཅིང་རབ་ཏུ་གཅེས།། མིང་རུས་གྲོག་སེན་གང་བ།། དུག་གི་རིལ་བྷ་བརྒྱ་རྩ་བརྒྱད།། མཻ་རྟ་ཁྱི་དང་གདུག་པའི་ཤྭ། དུག་གསམ་ཚིལ་གསུམ་གྲི་ཧང་བཅས།། ཏིལ་དང་ཡུངས་ནཱག་ཚའི་གསུམ།། མ
70a4 འོ་མ་སྨེ་བའི་ཁྲག། ཉུང་དཀར་རྡོ་ཕྱེ་ལྕགས་ཟངས་ཕྱེ།། བསྲེག་རྫས་རྫོགས་དང་རྣལ་འབྱོར་བྱ།། ཐབ་ཁུང་རཾ་ལས་མེ་ལྷར་བསྐྱེད།། ཐུགས་ཀར་ཕྱག་རྒྱའི་ལྷ་གསལ་བར།། རྫ་ས་དང་ལིངྒ་དབུལ་བར་བྱ།། ཕོ་ཉ་གཏད་ཞིང་གདབ་པ་དང་།། དྲག
70a5 སྔགས་བཟླས་ཤིང་བསྲེག་པར་བསམ།། ས་ནཱ་ག་དུ་རི་ནཱ་ག་ཨཱུ་ནན་གཟེར་ཕྱུང་སྲོག་ལ་དུ་རཾ། ཙིཏྟ་བྲེང་ཤག་བྲུཾ་རྦད་ཨེ་རཾ། ས་ནཱ་ག་སྙིང་གཟེར་དུ་རཾ་ཨེ་ནན་འདྲིད་ཕྱུང་། ས་ནཱ་ག་ཙིཏྟ་ཐི་རིལ་རྦད། ཛྭ་ལ་རི་མཱ་ར་ཡ་ཕཊ་ཕཊ། ཅེས་པས་གདུག་པ་བསྲེག་པར
70a6 བཤད། ཐལ་བ་གནོན་ཅིང་གཟེར་བར་བྱ།། ཞེས་གསུངས་སོ།། དེ་ནས་ཡང་ནི་བཤང་བྱ་བ།། ཉོན་ཅིག་ཁྲོ་བོ་རོལ་པའི་ཚོགས།། སྔགས་དང་རྫས་དང་ཏིང་འཛིན་དག། སྦྱོར་བ་རྣམ་པ་གསུམ་གྱི་བསྡེབ།། བསྡེ་བ་དང་རྐྱང་བ་ཉམས་ཀྱིས་བརྟག། བརྫེ་བན
70a7 རྩ་བའི་སྙིང་པོ་ལ།། སྤུ་གྲི་མཚོན་གྱིས་སྔོལ་མར་བསྡེབ།། བག་ཆགས་ཞེན་པ་ཁྲུས་ཀྱིས་སྤང་།། གདུག་རྔུ་བསྦྱོར་བ་མེ་ཡིས་བསྲེག། ལས་དང་སྦྱོར་བཐུན་གྱིས་བཟློག། འབྱུང་བ་འཁྲུགས་པ་སྨན་གྱིས་བཅོས།། ཞེས་གསུངས་ཏེ་འཁོར་ལ་གདམས་སོ།།
iiif viewer powered by OpenSeadragon
69b - 70b