| | e-texts navigator
|
155a1 ཨེ་ཀ་ཛ་ནཱི་དང་། ནག་མོ་ལ་པ་ཅན་གཡོག་དང་བཟླས་པ་དང་། དམར་མོ་བསེ་ཁྲབ་ཅན་བཞི་གཡོག་དང་བཅས་པ་དང་། སྡུག་ནག་འབུམ་གྱི་གཙོ་མོ་དང་། ནག་མོ་ཁྲག་འཛག་མ་ལ་སོགས་ཏེ། མམའི་རིགས་མང་པོས་བསྐོར
155a2 འཁོར་ཡོངས་པ་བསྡུ་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་སྒྲོལ་གིང་མརྡ་ཅོས་ཁྲོ་བོའི་རྒྱལ་པོ་ཉིད་ལ་ཞུས་པ། བསྒྲུབ་པའི་གནས་དག་གང་དུ་ག།། ས་གཞི་གཟུང་ན་ཇི་ལྟར་གཟུང་།། བསྟོན་པའི་ཛུས་སུ་ཇི་ལྟར་བྱ།། ལས་ལ་གཟུང་ན
155a3 གནོད་སྦྱིན་མ་མོ་གང་རྣམས་དང་།། མཐུན་པའི་དམ་རྫས་ཇི་ལྟར་བསོག། ལས་ཀྱི་མཐའ་སྡུད་ཇི་ལྟར་བྱ།། ཞེས་སྨྲས་སོ།། དམ་ཚིག་གི་མདོ་སྐད་ཀྱི་ལེའུ་སྟེ་གསུམ་པའོ།། །། སྒྲོལ་བྱེད་ཉིད་ཀྱིས་ནུས་པའི་མེང།། དཔའ་བ་ཆེན་པོས་བཀའ་སྩལ་བ།། དེ་བཞི
155a4 བདག་གིས་སྐལ་བ་ནི།། གནོད་སྦྱིན་སྒྲུབ་པའི་གནས་དག་ནི།། རི་ངོགས་ཤིན་ཏུ་ཟབ་པ་ལ།། བྲག་ཕུག་སྟོང་པ་རོལ་ཁུང་ཡོད།། ཡང་ན་རྒྱ་མཚོ་ཆེན་པོའི་འགྲམ།། བྲག་དམར་སེང་གེ་མཆོངས་པ་འདྲ།། གནོད་སྦྱིན་བསླབ་པའི་གནས་སུ་ཤིས།། དུར་ཁྲོད་རབ་ཏུ་འཇིགས་པ་དང་།
155a5 ནགས་འདབས་ས་སུག་སྟོང་པ་རྦ།། མ་མོ་བསླབ་པའི་གནས་སུ་གིས།། ལྷ་ཁང་ཀུན་དགའ་ར་བ་དང་།། མཆོད་རྟེན་གཙུག་ལག་ཁང་དག་ཏུ།། ཤིང་གི་གནས་དག་ཡིན་པར་བཤད།། རྐང་གཅིག་ཤིང་དང་བཞི་མདོ་དང་།། རྒྱ་མཚོའི་འགྲམ་དང་རི་རྩི་དང་།། ཡང་ན་རང་ཉིད་གང་དག་པ།
155a6 ཡིད་དང་མཐུན་པའི་གནས་དག་ཏུ།། དྲེགས་པ་མོ་མ་བསླབ་པའི་གནས།། གནས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། ། འཇ་མ་དབྱངས་ཞི་བའི་ཏིང་འཛིན་གྱིས།། རིགས་དྲུག་སེམས་ཅན་ཐམས་ཅད་དང་།། ས་གཞི་ལ་གནས་པ་ཅན།། ས་བདག་རྟ་གུ་གདང་།
155a7 དང་།། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ།། སྦྱིན་གཏོར་རྒྱས་པར་བཏང་བ་དང་།། གསེར་སྐྱོམས་བཏང་ལས་རིན་བཅལ།། བསླང་ཞེས་བྱ་བ་འི་ཚིག་ཀྱང་བརྗོད།། ལྷ་མོ་སྨན་པ་དཔའ་དུ་གཟུག། དཀོན་མཆོག་མཆོད་ལམཁྱེན་པར་གསོལ།། དེ་ནས་འཇིགས་བྱེད་དག་ཤིན་རྗེ
iiif viewer powered by OpenSeadragon
154b - 155b