e-texts navigator
Collection
Volume
Page
Wylie

154a1 དཀོན་མཆོག་གསུམ་གྱི་བསྟན་པ་ཡང་ཤིན་ཏུ་བསྲུང་སྟེ། དབུ་འཕང་ཡང་ཤིན་དུ་བསྟོད། ཅེས་དམ་བཅས་ནས། དཔལ་ཕྱུག་ན་རྡོ་རྗེས་གསུངས་པ་ལ་མངོན་པར་རྗེས་སུ་ཡི་རང་སྟེ་ཤིན་ཏུ་བསྟོད་དོ།། ཨེ་མནིན
154a2 གསང་བའི་བདག། མཐུ་དང་གཟི་བརྗིད་རང་ཏུ་ཆེ།། སྟོང་གསུལ་འཁོར་པོའི་གདུག་རླ་བ་ཅན།། ཁྱོད་ཀྱི་བཀའ་ཡ་ཕྲིན་ལས་པ།། ཁྱོད་དང་ཆོས་སུ་ཁྱད་པར་གཅིག། གསང་བ་པོ་ལ་ཕྱག་འཚལ་འཇུད།། ཅེས་གས་དེ་ཚིག་ལ་ཡི་གེར་བརྟེན་ནམ
154a3 གསུངས་པའོ།། དེ་ནས་ལྷ་དང་ཀླུ་ཀུན་གྱིས། འཇམ་དཔལ་མརུ་ཅོ་ལ་བྷུ་སྟོད་དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་པས་ནི་བརྒྱན། ཕྱག་ཆ་རྒྱན་དང་ནི་ལྡན། བདུད་དང་གནོད་སྦྱིན་དང་སྲིན་པོ་དང་སྲིན་མོ་བཏུལ་བ་དེ་ལ་བསྟོད་པ། དཔལ་ལྡན་དབང་ཕྱུག
154a4 འཇིག་རྟེན་མྱོང་བའི་གཙོ།། ཅིསེ་པས་བསྟོད་དོ།། འཇམ་དཔལ་མ་རུ་ཅོའི་སྔགས་རྒྱུད་ལས། འཁོར་རྣམས་རྗེས་སུ་ཡི་རངས་ནས་བསྟོད་པའི་ལེའུ་སྟེ་བཅུ་བདུན་པའོ།། ། འཇམ་དཔལ་མཆུ་ཅོའི་སྔགས་རྒྱུད་རྫོགས་སོ།།
154a5 རྡེག་པ་པོ་མོ་འདུས་པའི་ལས་ཀྱི་དྲུང་། ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱིང་གི། བདེ་བ་ཆེན་པོའི་ངང་ལས་སྤྲུལ་པ་རྣམ་པ་གསུམ
154a6 བྱང་བ་ནི་སྐུའི་སྦལ་བ་འཇམ་དཔལ། ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེ། གསུང་གི་སྤྲུལ་པ་སྤྱན་རས་གཟིགས་དབང་ཕྱུག་དང་གསུམ་མོ།། དེས་རྣམ་པར་གཟིགས་ནས་དུས་དང་རྣམ་པ་ཐམས་ཅད་དུ་རི་རབ་ཀྱི་བྱང་ཕྱོགས་ལྕགས་རིས་ཡོངས་སུ་བསྐོར་བའི་ནང་ནས།
154a7 གནོད་སྦྱིན་སྟོང་ཕྲག་བདུན་གནས་ཏེ། དེས་སེམས་ཅན་རྣམས་ཀྱི་སྲོག་ལ་ནི་འཚོ། ཤ་ནི་གྲ་ཁྲག་ནི་འཐུང་བ་ལས། སྤྲུལ་བ་རྣམ་པ་དེ་གསུམ་གྱིས་གདན་ཚོགས་ཀྱིས་བཀའ་བགྲོས་ཆེན་པོ་གཅིག་ཏུ་མཛད་ནས། གདོན་རིས་དང་བཅས་པ་བཏུལ་ལོ།།




iiif viewer powered by OpenSeadragon

153b - 154b

Texts on this page

Gdg017.17 - 'jam dpal gshin rje ma ru tse'i sngags rgyud bstan pa
Gdg017.18 - dregs pa pho mo 'dus pa'i las kyi rgyud