e-texts navigator
Collection
Volume
Page
Wylie

153b1 མོནི།། ཙར་དགྲ་བཟློག་གཟབ་པར་བྱ།། ར་དང་གཡང་གཞི་མགོ་མི་དཔྲལ།། ཙིཏྟའི་ནང་དུ་ལིངྒ་གཞུག། གཡང་གཞིའི་ནང་དུ་བཞག་ནས་ཀྱང་།། རང་སྔགས་ཤམ་བུས་བསྔག་ཅིང་བརྡེག། ཕུང་བ་བཞེངས་ལ་རབ་ཏུ་གདབ།། མི་དབྱང་ཙ་རའི་ཁར་བ
153b2 སྤྱོད་ཀྱི་མཚན་ཉིད་འཛིན་པ་དེས།། དྲག་པོར་གདགས་ཤིང་དེ་ལ་བརྡེག། བཟླས་པ་རབ་ཏུ་རྫོགས་པ་དང་།། ཚོན་སྣ་ལྔ་ཡི་བྱང་དྲུག་ཞུག། དེ་ནས་ཧོམ་ལ་མེ་སྤར་ཏེ།། ལིངྒ་ལྷག་མ་བསྲེག་པར་བྱ།། དེ་ནས་ཙ་རའི་གཡང་གཞི་དེ།། ངུར་ཁྲོད
153b3 དང་།། གདུག་པ་གནས་སར་རབ་ཏུ་སྐྱེ་ལ།། ཉ་དང་སྟོང་ལ་མཆོད་པ་གདབ།། ལན་གསུམ་དག་གིས་མ་གྲུབ་ན།། ཁྱོད་ནི་རབ་ཏུ་བརླག་པར་འགྱུར།། འཇམ་དཔལ་མ་རུ་ཅོའི་སྔགས་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །
153b4 དཔའ་བོ་མཐུ་སྟོབས་གསང་བའི་བདག། དེ་ཡི་དུས་ནི་གང་དུ་དར།། དེ་དག་མ་ལུས་བཤད་དུ་གསོལ།། རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས།། འཇམ་དཔལ་སྐུ་ཡི་རིག་འཛིན་དང་།། ཕུར་པ་ཕྲིན་ལས་དངོས་གྲུབ་དང་།། མ་མོ་ཆོད་གཏོད་དངོས་གྲུག་ཡང
153b5 དེ་ཚེ་ང་ཡི་དངོས་གྲུབ་དན།། དཀོན་མཆོག་བསྟན་པ་འཁྲུགས་པ་དང་།། ཆོས་བྱེད་གཅིག་གིས་གཅིག་གསོད་དུས།། དེ་ཚེ་སངས་རྒྱས་བསྟན་པ་སྲུངས།། དཀོན་མཆོག་དབུ་འཕང་དེ་རུ་བསྟོད།། དེ་ཚེ་བསྟན་པ་མ་བསྲུངས་ན།། ཕྱག་ན་རྡོ་རྗེ་ང་ཡི་མཐུས།།
153b6 ཁྱོད་ནི་རྡུག་དུ་བརླག་སྟེ་འགྲོ།། ཞེས་བཀའ་བསྒོ་བ་མཛད་དོ།། འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། བསྟན་པ་དང་དུས་ཇི་ཙམ་ན་དང་ཚུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་འཇམ་དཔལ་མ་རྦ་ཙེ་དང་། ལྷ་རྣམས་དང་། ཀྲུ་ན
153b7 དང་།། གནོད་སྦྱིན་རྣམས་དང་།། མ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས། འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་ངོ་མཚར་ཤིན་ཏུ་ཡང་ངོ་མཚད། དེ་ལྟར་བསྟན་པ་ཤིན་ཏུ་ཡང་ངོ་མཚར་ཏེ། གསང་བའི་བདག་པོས་གསུངས་པར་བཀའ་ཏན།




iiif viewer powered by OpenSeadragon

153a - 154a

Texts on this page

Gdg017.17 - 'jam dpal gshin rje ma ru tse'i sngags rgyud bstan pa