e-texts navigator
Collection
Volume
Page
Wylie

152b1 སྔགས་ནི་གདུག་པ་འདི་ཡིས་སོ།། ཨ་ནོ་རང་གི་ཤམ་བུ་ལ། ཨན?་རཱ་ག་ཁཱ་ཧི། པྲ་རྦ་བ་ན་ཁཱ་ཧི། ཨུ་པ་ཏཱི་ཙན་དྲ་ཁཱ་ཧི། ཏ་ཀྲ་པ་ར་མ་ར་ཁཱ་ཧི། བསྔལ་དང་བཅས་པས་བསྟབ་པར་བྱ།། གདུག་པའི་ཚེ་སྲོག་ཕྲལ་བའི་སྔགས། ཨཱ་ཡུ་ཥེ་ཏི་ཐཱ།
152b2 པ་ཡེ་སྭཱ་ཧཱ། དེ་ཡི་ཚེ་སྲོག་བདག་ལ་ཐིམ། ཨཱ་ཡུ་བང་སང་ཧ་ར་ན་བྷཾ། གདུག་པའི་ཉོན་མོངས་ལྔ་པོ་དེ།། རིགས་ལྔ་བདེ་གཤེགས་སྲས་སུ་བསྐྱེད།། གཡས་གཡོན་སོར་བཅུ་ཡིག་འབྲུ་དགོད།། འཕྲོས་འདུས་སུ་ཡི་ངོ་བོར་གྱུར།། སྦྱོང་བ
152b3 སུ་བསྟི་མ་དང་སྦར།། སྔགས་བརྗོད་བྱིན་གྱིས་བརླབས་ལ་གཞག། མནན་པའི་གདུག་སྔགས་འདིས་སུ་བྱ། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏ་མཱ་ར་ཡ་ན་ན། འཇམ་དཔལ་མཆུ་ཙེའི་སྔགས་རྒྱུད་ལས། དྲག་པོའི་ཕྲིན་ལས་ཀྱི་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས
152b4 པའོ།། ། དེ་ནས་ཡང་འཇམ་དཔལ་མ་རུ་ཙེས། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཆེའོ།། བདག་གི་རང་བཞིར་མཚན་ཉིད་བཤད་པ་ངོ་མཚར་ཆེའོ།། དེ་ཡི་འཐ
152b5 བྱས་བཤད་དུ་གསོལ།། དེ་ལྟར་ཤེས་བྱས་རྣལ་འབྱོར་པས།། གྲུབ་པའི་རྟགས་ནི་ཇི་ལྟར་འབྱུང་།། སྔགས་ཀྱི་ཚད་ནི་ཇི་ཙམ་བཟླས།། དུས་ནི་གང་གི་དུས་སུ་དར།། ཕྲིན་ལས་གོ་རིམ་གང་གིས་ཐེབས།། ཞེས་གསོལ་པ་དང་། མཐུ་སྟོབས་ཀྱི
152b6 པོས་བཀའ་སྩལ་པ། ཉོན་ཅིག་སྒྲོལ་གིང་མ་ཅུ་ཙེ།། གྲུབ་པའི་རྟགས་ནི་འདི་ལྟར་འབྱུང་།། བསྙེན་བསྒྲུབ་དག་ལ་ཞུགས་པའི་ཚེ།། མི་ཤར་འགའ་ཙམ་བྱུང་ནས་སུ།། གོ་ཆ་ཉོད་མ་འདོད་དམ་ཟེར།། གཅེར་བུ་དག་དང་འགྲོགས་པ་དང་།། ཀུན
152b7 བྲན་དང་བཀའ་ཉན་བྱེད།། ཅི་དང་བསམ་པ་ཡོ་ཡང་མཐུན།། བསྒྲུབ་པ་དག་ལ་ཞུགས་ཙམ་ན།། རང་ཉིད་གོ་ཆ་འཆང་བ་དང་།། མོན་པ་ནག་པོ་འོང་བ་དང་།། མ་དང་མེ་རི་འོད་དུ་འོང་།། རླུང་འཚུབ་པ་ཁུ་ཕོ་ནུ་དང་།། ཞང་བློན་རོགས་པོར་བྱས་ནས




iiif viewer powered by OpenSeadragon

152a - 153a

Texts on this page

Gdg017.17 - 'jam dpal gshin rje ma ru tse'i sngags rgyud bstan pa