| | e-texts navigator
|
135b1 པོའོ།། དེ་ཡི་དྲག་སྔགས་བཤད་པར་བྱ།། རྩ་བའི་དྲུག་སྔགས་བཞི་པ་ལ།། མཇུག་ལ་བཏགས་ཏ་བརྟག་པར་བྱ།། མཱ་ར་ཡ་དང་ཟང་པོས་བརྗོད།། ན་རྣ་སརྒྷ་ཝཱ་ར་ཎྜཱིག་ལ་ཡ་ཛྙཱ་\ུ0f7f། སྲ་བ་བཞིལ་བཏགས་ལ་བཇུག།། རོམ་ལ་གདོང་དང
135b2 བསྲེག་པའི་སྔགས།། ལུང་དང་ལྡན་པར་བརྗོད་པར་བྱ།། ཐ་བྱང་བསྲེག་ཅིང་ཉུང་དཀང་བརྡག། ཨོཾ་གྲཱ་མྦྷ་དང་གན་ཨུམ་པཎྜ་ཤཱ~ཾ་ཀྲ་མཱ་ར་མ་བཟང་། ཡག་གསོ་དམར་མཱ་ར་ལ། ཨཛྫ་ཥཱི་ནཱ་ཧ་ཀྲྀ་བར། ཡ\ུ0f89\ུ0f4་བ་ལ་ཀྵ་བྲི་ཟད་། གདོང་དམར་བཱ་རུ་ལ་ཟ
135b3 ཤྲཱི་དེ་བ་ཏ་ཏ་མནྟ་བྷི་གྲི་བ་ཁ་ལ་དུན་ཏི། གདོང་དམར་མཱ་ར་ཡ། མཉྫུ་བྷཱི་དེ་བ་གྲི་བ་ཁ་ལ་ཤག་སྙིང་མགོ་ཚད། ཡུན་དུང་ཏང་ཟད། དགྲ་བོ་པ་ར་ཡ་རྦད། དེ་བ་ཡཌྒ་ཤྲཱི་ཀུ་རུ་མ་ཏ་རྦ་བ་ཏ་ཀ་རེ་ཧི་ན། ཁ་ལ་ཤཱག་སྙིང་ཁ་ལ་ཡཾ། མགོ་རྦང་དགྲ་བོ་མཱ་ར་ཡ་རི། སྡེར་པ
135b4 ཧོ་མ་ལ་མེ་སྦར་ཏེ།། གཏོར་མའི་ལིངྒ་ལྷག་མ་ཀུན།། སྤགས་ལ་སྤྱན་སྲེག་རབ་བྱས་ལ།། དམར་པོ་མཆེད་བཞི་ཞལ་ག་དདྲ་བསམ།། དགྲ་བོ་གདོང་དམར་གསོལ་བར་བས་མེ།། དམར་པོ་མཆེད་བཞི་དྲག་སྔགས་རྩ་བཞི་ལ།། གོང་མའི་དྲག་སྔགས་དེ
135b5 བཏགས་ཏེ།། གདོང་དམར་ཆོག་པར་རབ་བསྲེགས་ལ།། ཐལ་བར་རླུང་ལ་བསུར་བྱས་ལ།། ངེས་པར་མཱ་ར་གདོན་མི་ཟ།། ཤར་གྱི་བདུད་ཀྱི་དམ་རྫས་ནི།། ཤར་གྱི་དམར་གཏོར་བདེན་པའི་རྫས།། རྩ་བའི་སྔགས་ལ་ཁ་རཾ་གདགས།། བོད་ཅིང་བརྟེན་པའི་གཏོར་མ
135b6 འཇམ་དཔལ་མ་རུ་ཅོ་མཆེད་བཞིའི་སྔགས་རྒྱུད་ལས། དཀྱིལ་འཁོར་བྲི་བ་དང་། ཕྲིན་ལས་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རྩ་བ་བཞི་སྡོམ་རྒྱུན་དུ་གྲངས།། ཨོཾ་ཀུ་མཱ་རཱ་ཛ་མཉྫུ་ཤཱི་ཡ་མཱནྟ་ཀ་ཀུ་མཱ་རཱ་ཛ། བཅོ་ལྔ་སྔག
135b7 གྱི་ཕྲེང་བ་འདི།། མུ་ཏིག་བལྟར་ལ་བཅུས་པ་འདྲ།། རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབས།། ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན།། ཀུ་མ་རང་བཞིན་བསྐྱེད་པའི་སྔགས།། མཉྫུ་འཇམ་པའི་ཁྲོ་བོ་སྟེ།། ཤྲཱི་ནི་བདག་དང་གཞན་གྱི་དཔལ།། ཡ་མཱནྟ་ཀ་གཙོ་བོའི་སྔགས།།
iiif viewer powered by OpenSeadragon
135a - 136a