| | e-texts navigator
|
133b1 བསྐལ་བ་བསྟན་པའི་ཐམ་ལ།། མཚམས་མེད་ཝ་ཡི་ལས་དཀའཐུང་།། སངས་རྒྱས་བསྟན་པ་མི་གཉན་པར།། གནོད་སྦྱིན་གདོང་དམར་དབང་དུ་འགྱུར།། དེས་ན་ཝ་སྲན་སྡེ་བརྐྱང་བྲི།། གཿ་པ་ཆེན་པོ་བ་རྣམས་ཀྱིས།། ཁྲོ་བོ་རྣམས་ཀྱི་དྲུང་ན་གནས།།
133b2 རབ་འཇིགས་ཆེན་པོ་བཀའ་སྩོལ་ཅིག། དཔའ་བོ་ཆེན་པོ་བཀའ་སྩོལ་ཅིག། ཅེས་གསོལ་པ་དང་། ཁྲོ་བོ་ཡ་མཱཎྜ་ཀས་ཕྱག་རྡོ་རྡོ་རྗེས་གསོལ་པ་ཐུགས་སུ་ཆུད་དེ། ཙང་མེ་གསུང་བར་ཞལ་འཛུམ་པར་མཛད་དོ།། དེ་ནས་ཡང་ཕྱག་ན་རྡོ་རྗེས་ཅང་མི་གསུང་བ་ཐུགས།
133b3 སཟད་དེ། འདི་གད་ཅེས་གསོལ་ཏོ།། དཔའ་བོ་ཆེན་པོ་སྨྲ་བོ།། སངས་རྒྱུས་བསྟན་པ་གན་དུ་གྱུར།། གད་སྦྱིན་པ་ང་པར་འདུལ་བའི་ཕྱིར།། གཅ་བ་སལ་བཀའ་སྩོམ་ཡད།། རྩིས་བླངས་པས། རྒྱ་སྲིན་རྗེ་བབྱེད་གཙོ་བཞི་ལ་སགས
133b4 ཁྲོ་བོ་རྣམས་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཕྱུག་ན་རྡོ་རྗེའི་དྲུང་དུ་ཐབས་ཅིག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་བཀང་སྩལ་ཏོ།། ། མ་ཧཱ་ར་ཀྟ་མཎྜལ་ཞེས་གསངས་པས། འཇིག་རྟེན་དབང་དུ་བསྡུ་བའི་ཕྱིར། སྟོང
133b5 གསུམ་གྱི་སྟོང་གི་འཇིག་རྟེན་ཐམས་ཅད་དམར་པོ་ཁྲག་གི་རང་བཞིན་དུ་གྱུར་ཏོ།། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་འཇིགས་ཤིང་རྔམས་ཏེ་ཇི་ལྟ་བུའི་ཆོ་འཕྲུལ་ཡིན་སྙམ་པ་ལས། དེའི་དུས་སུ་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་རྣམས་ཀྱང
133b6 བརྒྱལ་བར་འགྱུར་རོ།། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས། ཕྱག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་སྨྲས་སོ།། དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོ་འཕྲུལ་དེ་ཐུགས་སུ་གསལ་ཏེ། ཕྱིན་ཅི་ལོག་དུ་བལྟས་པ་རྣམས
133b7 དབང་དུ་བསྡུ་བའི་རྟགས་དབང་གི་རང་བཞིན་དུ་བསྟན་ཏོ་སྙམ་ནས་གཙོ་བོ་ཆེན་པོ་བཞིས་ཀྱང་། འཇིག་རྟེན་གྱི་དབང་གཏོད་པར་ཐུགས་སུ་གསལ་ཏོ།། ཕྱག་ན་རྡོ་རྗེ་དང་ཐབས་ཅིག་གོ།། དེ་ནས་ཡང་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།།
iiif viewer powered by OpenSeadragon
133a - 134a