e-texts navigator
Collection
Volume
Page
Wylie

133a1 རྒྱ་ག་རན་དང་། ཨཱརྱ་མསྶ་ཤྲཱིསརྦྦཿཙྪ་དྷ་ར་ས་ཧ་མནྟཏཱཏྟཱཎྜས། བོད་སྐད་དུ། འཕགས་པ་འཇམ་དཔལ་མཆེད་བཞིའི་སྔགས་བྱུང་ཅེས་བྷ་བ། བཅོམ་ལྡན་འདས་དཔལ་ཁྲོ་བ་འཇིགས་བྱེད་ཀྱི་སྩལ་བ་ལ་ཕྱག་འཚལ
133a2 ལ།། འདི་སྐད་བདག་གིས་ཟས་པའི་དུས་གཅིག་ནི། འོག་མིན་གྱི་གནས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ན། བཅོམ་ལྡན་འདས་དཔལ་ཀུན་ཐ་བཟང་པོ་འགྲོ་བ་རྣམས་ཇི་ལྟར་འདུལ་བ་བཞིན་དགོངས་ནས། འཁོར་རྣམ་པ་བཞལ
133a3 གང་ལྟར་འཇམས་པ་བཞིན་དུ་སྟོན་པ་ལ་ཐུགས་རྗེས་བསྟན་པས་བྱེ་རླབས་ཀྱིས། མཁྱེན་པའི་ལ་ཤེས་ཐུགས་ཀྱི་དགོངས་པ་ལས།། བྱིན་རྗེ་ལོག་ཁ་བལྟ་སེམས་ཅན་རྣམས།། ཐཱ་བ་གནས་སུ་ཐུགས་རྗེས་དྲང་བ་འདོན་བླང་དདུ།། ཀྵེ་བྲང་སྦྲ
133a4 ལས་ཁྲོ་བོའི་ཆོ་འཕྲུལ་བསྟན། དེ་ལྟར་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་ད་འཁོར་གྱི་ཁྲོ་བོ་རྣམས་ཀྱི་དབུས་ན་བཞུགས་སོ།། དེའི་ཚེ་དེའི་དུས་ན། ཁྲོ་བོའི་རྒྱལ་པོ་ཡ་མཱཎྜ་ཀ་དཔའ་རྡུལ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ཉིད་ཀྱི་བྱིན་དུ
133a5 ཡེ་ཤེས་རྣམ་པ་བཞི་ལས། རིགས་བཞའི་ཁྲོ་བོར་གྱུར་ཏེ། ཡ་མ་རཱ་ཛ་དང་། མྱོས་བྱེད་འབར་བ་དང་། ཨཱརྱ་མ་རུ་དང་། རལ་པ་ཚར་དགུ་དང་བཞི་འཐོན་ཏེ། དེ་བཞིའི་སོ་སོའི་ཐུགས་ཀྱི་སྦལ་པ་ལས། དབང་སྡུད་མ་རུ་ཙེ་མཆེད་བཞིའི
133a6 རུ་བསྟན་ནོ།། དུས་ཀྱི་རྣམ་པ་གཙིགས་སུ་ཤེས་པས་འཁོར་རྣམས་དང་། ཐབས་དང་ཤེས་རབ་ཀྱིས་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་དེ་དག་གི་ནང་ནས་འཇིགས་བྱེད་ཡ་མ་རཱ་ཛ་ལ་སོགས་པ་བཞིའི་བྱིན་གྱིས་བརླབས་ཏེ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ
133a7 པའི་སྦར་བཞེངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་དབུས་ཕྱག་བཙལ་ནས་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། ཀྱེ་ཐེ་བཅོམ་ལྡན་འདས་རང་བཞིན་མེད་པའི་ཆོས་བཤད་པ། འཁོར་བའི་ཁྱིམ་ཚོ་དྲང་བའི་ཕྱིར།། མ་འོངས་ཤཱཀྱ་ཐུབ་པ་མ།།




iiif viewer powered by OpenSeadragon

132b - 133b

Texts on this page

Gdg017.13 - 'phags pa 'jam dpal mched bzhi'i sngags rgyud