| | e-texts navigator
|
131b1 བ་ལ།། ཀུན་ཏུ་བཟང་པོ་ལ་སོགས་པའི།། ཐུན་མོང་ཁྱད་པར་མཆོད་པ་དབུལ།། སྔགས་ཀྱི་བཟླས་པ་ནི་རིགས་བྱ།། གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ།། བསྟོད་དང་དངོས་གྲུབ་བླང་བ་དང་།། སྨོན་ལམགདབ་པར་བྱ་བ་ཡིན།། ཚོགས་ཀྱི
131b2 མཆོད་པ་དབུལ་བ་དང་།། སྡིག་པ་བཤགས་པར་བྱ་བ་དང་།། རང་རེ་གང་བྱེད་སྲུང་མ་ལ།། བསྐང་གསོའི་རིམ་པ་རྒྱས་པར་བྱ།། བང་རིམ་ཐ་མ་གཉིས་པ་ལ།། གླུ་དང་གནམ་ལ་འཕུར་དགུ་དང་།། བར་ན་འགྲོལ་དགུ་མི་ནོར་དགུ།། ས
131b3 ལ་འཛུལ་དགུ་ལ་སོགས་པ།། ནམ་མཁའ་དར་བུ་མདའ་འཕང་སོགས།། འདོད་ཡོན་རྣམ་ལྔར་བྱིན་བརླབས་ལ།། མདོས་ལ་སྤྱན་དྲང་བསྒྲལ་བར་བྱ།། ཀྲུང་རྣམས་རྒྱས་པར་གྲངས་ལ་གདབ།། ཚེ་ཡི་ཆོ་ག་རྒྱས་པར་བྱ།། མདོས་བལྟོ་ཞིང
131b4 དབུལ་བའི་སྐབས་ཏེ་ལྔ་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། ཟོང་གཎྜོད་ལ་སོགས་བཟློག་པ་ན།། དཀྱིལ་འཁོར་ཚུལ་བཞིན་བྲིས་པ་ཡིས།། སྟེང་དུ་འཆར་ཀ་འཁོར་བཅས་རྣམས།། རི་རབ་བྲམ་རྩིའི་སྟེང་དུ་དགོད།། བང་རིམ་ནམྲ
131b5 ལ་གུད་ཀྱིས་དགང་།། ལྗང་བུ་དམར་ནག་བདུན་ཡང་གཟུག། འཇིག་རྟེན་དང་སྒྲ་མང་པོས་བརྒྱན།། ཟོར་རྫས་ཚང་བའི་ཀོང་བུ་ནི།། རབ་འབྲིང་གང་འགྲུབ་དཀྱིལ་འཁོར་གྱི།། སྟེང་དུ་དགོད་པར་བྱ་བ་ཡིན།། ཟུར་བཞིར་རྒྱལ་མཚན་བཞི་ཡང་གཟུག
131b6 བལ་བུ་ལ་སོགས་ཤིང་སྡེ་བཞི།། ཕྱོགས་བཞིར་གཟུག་ཅིང་ལྷ་རྣམས་ལ།། བྱིས་པའུར་རྡོ་ཇུག་པ་བདུན།། ཁ་དོག་ནག་པོར་བྱས་ལ་དགོད།། རང་ལ་གང་གནོད་མཐུན་པའི་རྫས།། དཀྱིལ་འཁོར་མཐརའ་མར་བཤམ་པར་བྱ།། དེ་ནས་མཚམས་བཅད་ནས
131b7 བཟུང་ནས།། ཚོགས་དང་བསྐ་ག་སོ་ཡན་ཆད་རྣམས།། གང་དང་མཐུན་པར་ཤེས་པར་བྱ།། ཤ་རི་བྷྱོ་ལ་བསྙེན་པ་བསྐྱལ།། གང་གནོད་པ་ཡི་ལིངྒ་ལ།། དགུག་གཞུག་བྱས་ལ་བརྡུངས་ཤིང་བརྡག། ཉུད་དཀར་གྱིས་ཀྱང་བྲབ་པར་བྱ།། དེ་ནས་མདོས་ཀྱི་ཁ་ཡང་ནི།། དགྲ
iiif viewer powered by OpenSeadragon
131a - 132a