e-texts navigator
Collection
Volume
Page
Wylie

131a1 བཟློག་པའི་ལས།། དམུ་བྱ་ཕུག་རོན་སྔོན་མོ་དང་།། མདའ་འཕང་ཐམས་ཅད་སྔོན་པོ་སྟེ།། བརྒྱད་བརྒྱད་གྲངས་སུ་ཚང་བར་དགོད།། རླུང་ཏུ་བཙན་རྣམས་བབྲོག་པའི་ཡས།། རྟཔ་མཟས
131a2 ནམ་མཁའ་དང་ནི་ལྗང་བུ་དང་།། མདའ་འཕང་དམར་པོ་བརྒྱད་བརྒྱད་དགོད།། བྱང་བུ་གཉེན་རྣམས་བཟློག་པའི་ཡིས།། སྤྲེའུ་སེར་པོ་གར་བྱེད་བརྒྱད།། ནམ་མཁའ་སེར་པོ་ལྔ་དབུ་དང་།། མདོའ་འཕང་སེར་པོ་བརྒྱད་བརྒྱད་དགོད།། ལོ་ལྷྭ་མ་བདེན
131a3 པའི་སླང་གིས་དཀྲོལ།། ཕྱི་རྗེས་ཟོར་གྱིས་གཅད་པར་བྱ།། ལྟས་ངན་བཟློག་པའི་སྐབས་ཏེ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དང་པོ་ཁོ་ནར་བསྙེན་པ་ལ།། ཤིན་ཏུ་ནན་ཏན་ཆེར་བྱས་ལ།། སྔོན་འགྲོ་སེམས་པ་སྐྱེད་མཚམས
131a4 བཅད་ཏོད་འཛིན་གསལ།། བསོད་ནམས་ཚོགས་བསག་ཚད་མེད་བསྒོམ།། ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྒོམ།། བྷ་ག་གྲུ་གསུམ་མཐིང་ནག་ཏུ།། དབང་ཆེན་དཀྱིལ་འཁོར་རྫོགས་པར་བསྒོམ།། འཇིགས་པའི་གཞལ་ཡས་ལྔ་ལྡན
131a5 དུ།། ཐུན་མོང་ཁྱད་པར་གདན་སྟེང་དུ།། ཆོ་ག་གསུམ་གྱི་འཕྲོ་འདུ་ལས།། རང་ཉིད་འཇོམས་བྱེད་འབར་བར་བསྐྱེད།། སྐུ་གསུང་བྱིན་བརླབ་དབང་བསྐུར་བྱ།། མདུན་དུ་ཀེང་རུས་རི་རབ་ལ།། ས་བོན་ཡོངས་སུ་གྱུར་པ་ལས།། སྤྲུལ་པ་འཆི་བདག
131a6 ཡབ་ཡུམ་གཉིས།། མཆོད་རྟེན་གསུམ་དང་ལྡན་པར་བསྐྱེད།། དེ་མཐར་གྲུ་གསུམ་འབར་བ་ལ།། ཡང་སྤྲུལ་མགོ་བརྙན་དྲུག་པོ་བསྒོམ།། བང་རིམ་དང་པོའི་ཕྱོགས་བཞི་རུ།། ཤར་དུ་རྗེ་མོ་ལྷོ་རུ་བདུད།། ནུབ་ཏུ་གཤིན་རྗེ་བྱད་དུ་ནི།། མ་མོང
131a7 རྣམས་བདུན་བདུན་བསྒོམ།། རི་རབ་པར་རིམ་བར་པ་ལོ།། དམག་དཔོན་བཤན་པ་བཞི་རྣམས་བསྐྱེད།། དེ་དག་ཀུན་གྱི་རང་བཞིན་པ།། སྤྱན་དྲང་ཕྱག་འཚལ་བར་སྣང་ལ།། འོད་ཕུད་འདབ་འདྲེས་ཙམ་དུ་ནི།། མདུན་དུ་བཞུགས་སུ་གསོལ




iiif viewer powered by OpenSeadragon

130b - 131b

Texts on this page

Gdg017.12 - gshin rje nag po ngan sngags phyir bzlog pa'i rgyud