e-texts navigator
Collection
Volume
Page
Wylie

130b1 དང་།། གྲངས་ཆེ་དང་རྟ་དང་ལུག། ར་དང་ཁྱེ་དང་འདོད་འཇའ་བ།། ཁྱིམ་བྱ་བོང་དུ་ཞོན་གླང་རྣམས།། རེ་རེ་ལ་ཡང་བཞི་ཞི་སྟེ།། ཕྱོགས་བཞི་འཁོར་བར་དགོད་པར་བྱ།། རི་རབ་བང་རིམ་ཐ་ལྟག་ལ།། ཆུ་སྦར་ལྷུན་བཅུ་གཉིས་དང་།། མགོ་དང་བཅུ་གསུམ་དགས་གླད།། ནམ
130b2 མཁའ་ནག་པོ་ཁྲིང་བཀྲ་དང་།། མདའ་དགུ་འཕང་ནག་པོ་གྲོད་དང་།། འབྲང་རྒྱས་ནག་པོ་དེ་རྣམས་ནི།། རེ་རེ་ལ་ཡང་བཅུ་གསུམ་སྟེ།། ཕྱོགས་རེར་གསུམ་གསུམ་ཟུར་ལ་གཅིག། མཚོ་དང་ཉུང་དཀར་ཀུན་ལ་གཞུག། དེ་ལས་གཞན་ཡང་བཤོས་བུ་དང་།།
130b3 གྲང་བ་ཉ་མོ་དང་།། རུས་སྦལ་བྱི་བ་ལྕོང་མོ་དང་།། ཟེར་མོ་ཕྱི་བ་སྡིག་པ་རྣམས།། བཞི་བཞི་བྱས་ལ་ཕྱོགས་བཞིར་དགོད།། རི་རབ་བང་རིམ་ཐ་མ་ལ།། རིན་ཆེན་འབྲུ་ཡི་ངར་ཀླུང་བརྒྱ།། འཁོར་དང་གཡོག་གི་སླད་དུ་དགོད།། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི།།
130b4 ཆང་ཟིན་གྲངས་དང་མཉམ་པ་དགོད།། ཐང་ལ་གླིང་བཞི་གླིང་ཕན་བརྒྱད།། དམར་གཏོར་བཅུ་གཉིས་དཀར་གཏོར་གཅིག། ཁྲག་གི་ཨརྒྷ་ལ་སོགས་པ།། ཁྱད་པར་འཕགས་པའི་མཆོད་པ་ལྔ།། ཚིལ་ཆེན་མར་མེ་ཁ་བཞིར་བལྟམ།། འདུ་ཅི་སྟན་དང་མེ་རྐང
130b5 དུང་།། ཐོད་པའི་རྔ་ལ་སོགས་པ་བཤམ།། དེ་མཐའ་ལྕགས་རིས་བསྐོར་བ་ལ།། ཤིང་ཆེན་བཞི་དང་ལྗང་བུ་གླུད།། ཇི་ལྟར་འབྱོར་པས་བསྐོར་བྱས་ཏེ།། མགྲོན་གྱི་ལྷ་ལ་གླུད་དུ་དབུལ།། གལ་ཏེ་བཟློག་མདོས་བྱེད་གྱུར་ཏེ།། ཟོར་དང་སྦག་ན་ཐོར་ཀོང
130b6 གོས།། མཐུའ་མ་འཁོར་བར་དགོད་པར་བྱ།། སྐོང་མདོས་ཀྱི་སྐབས་ཏེ་གསུམ་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། བཟློག་པ་ལ་ནི་རྣམ་གཉིས་ལ།། ལྟས་ངན་བཟློག་པའི་ཁབ་སྦྱར་ནཱི།། རི་རབ་ཀྱི་ཡི་ལྕགས་རི་ལ།།
130b7 དྲ་རྒྱལ་པོ་བཟློག་པའི་ཡས།། བྱིལ་ཕྱེ་ཡིས་བྱུགས་པ་བརྒྱད།། ཤལ་གྱི་ནམ་མཁའ་དཀར་པོ་བརྒྱད།། ཤེལ་སྡང་དཀར་པོ་མཛེས་པ་བརྒྱད།། མདའ་དཀར་བ་ཀྱང་དང་འཕང་དཀར་བརྒྱད།། མཛེས་པའི་རྐྱེན་གྱིས་བརྒྱན་ལ་དགོད།། ལྷོ་རུང་སུ




iiif viewer powered by OpenSeadragon

130a - 131a

Texts on this page

Gdg017.12 - gshin rje nag po ngan sngags phyir bzlog pa'i rgyud