| | e-texts navigator
|
3b1 ཉིད་འཇིགས་བྱེད་ཆེན་པོའི་རྒྱལ་པོ།། རོལ་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་དབྱིངས་ནས་ཉིད་ཀྱི་གསང་བའི་བདག་མོ་ཁྲོས་པའི་རྒྱལ་མོ་རོ་ལངས་མ་མངོན་དུ་ཕྱུང་སྟེ། ཧ་ཏ་ཞེས་པའི་གཟི་མདངས་ཀྱིས། བྷ་ག་གྲུ
3b2 གསུམ་དུ་རྒྱས་པར་མཛད། གཉིས་སུ་མེད་པའི་དགྱེས་པ་ཆེན་པོ་ལ་ཁྲིམས་ནས། གསང་བབྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། ཏྲཱ~ཾ་ཧཱུ~ཾ་ཧྲཱི་བྷྲཱུཾ་བ~ཾ་ཤྲ་བཻ་ཤུད་དྷེ། ཀྲོ་དྷ་བཛྲ་ཛྭ་ལཱ་ཡ་མཱཎྜལ་ཕཊ་ཕཊ། ཧ་ལ~ཾ་ཧི་ལ། ཧཱུཾ་ཧཱུཾཿ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས
3b3 བཅུ་ཐམས་ཅད་དུ། དུར་ཁྲོད་བརྡལ་བ་ཆེན་པོའི་རང་བཞེན། ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུགས་པའི་ཀློང་ནས། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་དུ་རྡོ་རྗེ་མེ་དཔུང་ཆེན་པོ་ཀློང་དུ་འཁྱིལ་པའི་དབུས་ན། ཕྱོགས་བཞི་ངོས་བཞི་ཐོད་པ་སྐམ་རྣོན་ཏུ་གྲམ་དུ་བརྩིགས་པ།
3b4 འོག་རྡོ་རྗེ་རྩེ་གྲམ་མིག་མང་རིས་སུ་གཏམས་པ། ཡེ་ཤེས་ཀྱི་རྡོ་རྗེ་དྷ་གྲམ་འོད་འཕྲོ་བ། འཁྲུགས་པ། འབར་བ། ཁམས་གསུམ་ཐམས་ཅད་ཁྱབ་གདལ་བ། དབུས་བུ་གསུམ་ཟླ་ག་མ་གསུམ་དང་ལྡན་པ། མུ་ཁྱུད་ཐོད་པ་དང་རྡོ་རྗེ་ཆ་གྲམ་བསྣོལ་མར་བསྐོར་བ། ཕྱི་རིམ
3b5 པོ་རྩི་བས་བཞི་པ། དེའི་གྱི་རིམ་འཁོར་ལོ་རྩིབས་བརྒྱད་པ། རྡོ་རྗེའི་རབས་བསྐོར་བ། མུ་མུད་ཟླུམ་པོས་བསྐོར་བ། ཕྱི་རིམ་མུ་ཀྲུང་ཟླུམ་པོ་ཐོད་རྣོན་གྱིས་བསྐོར་བ། གྲུ་ཆད་ཀྱི་མཚོ་ལ་རོ་སྣ་ཚོགས་འགྲོ་བ། འབྱམས་པ། སྔམ་བུས་མཛེས་པ།
3b6 བཞི་རྟ་བབས་དང་ལྡན་པ། རྒྱན་གྱི་ཚོགས་ཀྱིས་བསྐོར་བ། ཧྲཱི་དང་ནང་མེད་པ། ཀུན་ཏུ་ཡང་ནང་དུ་གྱུར་པ། ཁམས་གསུམ་པ་ཐམས་ཅད་རྡོ་རྗེ་བའི་བརྩིག་པ་འཚོར་བ་མེད་པའི་གཞལ་ཡས་ཁང་ན། ཁྲོ་བོ་དང་། ཁྲོ་མོ་རོལ་པའི་རྒྱན།
3b7 སྟོང་གི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་ཏེ། དེས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་འུར་འུར་དང་། ཆེམ་ཆེ་མ། ཤིག་ཤིག། གཏོར་གཏོར། གཏོགས་ཤིག་དང་། ཆོམས་ཤིག། སོད་ཅིག། དྲོལ་ཅིག། སྤོངས་ཤིག་པས། འཇིག
iiif viewer powered by OpenSeadragon
3a - 4a