| | e-texts navigator
|
3a1 བའི་སྡུག་བསྔལ་ཉམས་སུ་མྱོང་།། བསྐལ་པ་བཅུ་རུ་མྱོང་བའོ།། གལ་ཏེ་དེ་ལས་ཐར་ནས་ཀྱང་།། ཡི་དྭགས་མོ་དང་མཁའ་འགྲོ་ལ།། བསྐལ་པ་དྲུག་ཏུ་གནས་པའོ།། གལ་ཏེ་དེ་ལས་ཐར་ནས་ཀྱང་།། སླར་ཡང་སྲིན་པོའི་ལུས་བླངས་ད
3a2 གོ་མ་བཞིན་དུ་འཁོར་བར་གྱུར།། དེ་ཡི་འཁོར་ཡང་སྲིན་མོ་དང་།། མ་མོ་དང་ནི་མཁའ་འགྲོ་དང་།། ཤིན་ཏུ་གཏུམ་པའི་འཁོར་དང་བཅས།། གསོད་པ་དབང་ཞིག་བྲིམས་པ་དང་།། ཤ་དང་ཁྲག་དང་སྲོག་ལ་སྤྱོད།། ངེས་པའི་ལུང་དང་མ་ལྡན་པས།། ཀུན་ཀྱང
3a3 པའི་ལམ་དུ་གྱུར།། སྦྲུལ་སྐུ་ལ་སོགས་སངས་རྒྱས་ཀྱིས།། འདུལ་བའི་ལས་སུ་མ་གྱུར་ཏེ།། སླར་ཡང་ཁེངས་པས་ལྡོག་པར་བྱེད།། དེ་ནས་འཁོར་གྱི་དངོས་པོ་རྣམས་ཀྱིས། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དགྱེས་པ
3a4 ཆེན་པོ་རྔམས་པ་ཉིད་ལ་བརྡས་བསྐུལ་ཏེ། ཨེ་མ་ཧོ།། ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི།། ཡེ་ཤེས་འདུས་པའི་ཕྲིན་ལས་མཆོག། ཡེ་ཤེས་ཕྲིན་ལས་རྨད་པོ་ཆེ།། སྤོས་ལ་མངོན་པར་འཆེལ་བ་ཡིས།། ང་རྒྱལ་དྲེགས་པའི་གདུག་པ་ཅན།། གདུལ་བྱ
3a5 སྦྱིན་པར་མཛོད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། བདུད་དང་སྲིན་པོ་གཤིན་རྗེ་སོགས།། ང་རྒྱལ་དྲེགས་པས་བཅིངས་ནས་ནི།། ཤིན་ཏུ་གདུག་ཅིང་གཏུམ་བྱེད་པས།། དེ་ལ་ཞི་བས་ཕན་མི་འགྱུར།། ཤེས་རབ་ཐབས་དང
3a6 ལྡན་བྱས་ནས།། ཁྲོ་བར་དེ་བཞིན་གཤེགས་པས་མཛོད།། སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས།། ཁམས་གསུམ་མ་ལུས་ཐམས་ཅད་ཀུན།། སྐད་ཅིག་ཡུད་ལ་བརླག་འགྱུར་ན།། འཇིག་རྟེན་གསུམ་པོ་སྤོས་ཅི་དགོས།། དེ་ནས་འཇིགས་བྱེད་ཆེན་པོ་དེས།། ལས་ངན
3a7 པའི་སྲིན་པོ་ལ་སོགས་པ་ཀུན། ཉོན་མོངས་པའི་བག་ཆགས་སྤང་བ་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་ལ་ལ་གཞག་པའི་ཕྱིར། ཐུགས་རྗེ་ཆེན་པོའི་ཡེ་ཤེས་སྐྱེས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྔམ་པ་ཆེན་པོ་ཡེ་ཤས་ཀྱིས་རྒྱལ་པོ་དེ
iiif viewer powered by OpenSeadragon
2b - 3b