e-texts navigator
Collection
Volume
Page
Wylie

343b1 མདང་བྱས་ལ།། ནང་དུ་སྲྀཙླིས་བ་ཅོག་ཧཱ། སྙིང་གར་བྲིས་ནས་བརྗོད་བྱ་བ།། སྙིང་པོ་སྔགས་ཀྱི་དམ་པ་སྟེ།། བླ་མེད་དམ་པས་རབ་ཏུ་བཞད།། ཨོཾ་བ་པུཥྚི་ཨཱ་ཡྱ་བ་ཤང་ཤྲཱི་རུ་ལྲྀསྭཱ་ཧཱ་ཞེས་བརྗོད་ན་ཐམས་ཅད་ནུས་པར་འགྱུར་རོ།། འབགས་པ་ལས་བཞི་འབར་མ
343b2 ག་བ་རྒྱུད་ལས།། ཐམས་ཅད་ནུས་པར་བྱ་བའི་ལི་ཤེགས་པ་པ་ལ།། ། དེ་ནས་བཅོམ་ལྡན་འདས་དེ་བདག་ཉིད་དབ་གིས་འདུ་ག་ནས་བྷ་བའི་ཏིང་ངེ་འཛིན་ལ་སྐབས་པ་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དེ།། བང་ས་ལས་འབྲེལ་བའི་ཡུལ་དག་ལ།། རང
343b3 དབང་མེད་དེ་དབང་བསུས་ནས།། འདྲ་བའི་སེམས་དང་ལྡན་བྱས་ཏེ།། དཀྱིལ་འཁོར་རབ་ཏུ་བཤད་པར་བྱ།། ཟངས་སམ་དམར་པོའི་ས་དག་ལ།། དཀྱིལ་འཁོར་སྔ་མ་དག་དང་འདྲ།། ལེགས་པར་ཁོད་སྙོམས་ཟིན་པ་དང་།། ཐིག་ནི་རབ་ཏུ་གདབ་པར་བྱ།། ལྟེ་བ་ཅན་ལ་རྩིབས
343b4 བཙུད་པ།། ཀུན་དུ་ཟླུམ་པས་རྒྱས་པ་མཐའ།། ལྟེ་དབུས་གཞུ་བདུངས་བྲིས་བྱས་ལ།། དེ་སྟེང་བདག་པོ་དམ་པ་གཞག། ཐམས་ཅད་མ་ལུས་མཆོག་ཏུ་འགུགས།། ས་པ་ལ་ཡང་ཐོགས་པ་མེད།། ཞེས་ནི་ཡང་དགྲ་བླ་མེད་དེས།། བཤད་པར་བྱ་སྟེ་རབ་ཏུ་བསྟན།།
343b5 གཞན་ཡང་རབ་ཏུ་བཤད་བྱ་བ།། སེམས་ཀྱི་དཀྱིལ་འཁོར་དམ་པ་སྟེ།། བླ་མེད་ཡང་དག་ངེས་པའི་ལམ།། སངས་རྒྱས་བྱང་ཆུབ་ལ་སོགས་རྣམས།། གཞུང་ལས་འབྱུང་བའི་ཚིག་དོན་རྣམས།། མ་ནོར་གསུངས་པའི་བཀའ་བཞིན་དུ།། བསྒྲུབས་ན་འགྲུབ་པར་བཤད
343b6 པའོ།། དེ་དག་འབུགས་པར་གྱུར་པ་ན།། ཕལ་བ་གཞན་ལྟ་སྤོས་རྗེ་དགོས།། བསྤུ་དང་འདྲེན་པ་བྱང་ཆུབ་ལག།། འདི་དག་གོ་འཕང་ཐོབ་བྱའི་ཕྱིར།། ཡུངས་ཀར་རྐང་རྗེ་སྡེ་ས་འམ་གཞན།། ཁྲག་གསུམ་ཐལ་ཆེན་བསྲེས་བྱས་ལ།། གཞུའི་ནང་དུ་བླུགས་བུས་ལ།
343b7 གའུ་གཉིས་ནི་ཁ་སྦྱར་ཏེ།། སྐུད་པ་དམར་པོ་ཟངས་ལ་སོགས།། བཅིང་བ་བསྡམས་ཏེ་དཀྲིས་བྱས་ལ།། དཀྱིལ་འཁོར་གྱི་ནི་ཐོག་ཏུ་གཞག། ཡུངས་ཀར་ཟངས་གཉིས་བསྲེག་བྱས་ཏེ།། དུད་པས་གེའུ་དེ་ལ་བདུག། དེ་ལ་བདུགས་པར་གྱུར་པ་དང་།། བཟླས




iiif viewer powered by OpenSeadragon

343a - 344a

Texts on this page

Gdg016.13 - 'phags pa 'jam dpal las bzhi 'khor lo gsang ba'i rgyud