e-texts navigator
Collection
Volume
Page
Wylie

343a1 མེད་ན་ལས་འགྲུབ་པ་ཡིན་ནོ།། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཐམས་ཅད་ཞི་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྒྱས་པར་བྱ་བ་འདི་ཆེད་དུ་བརྗོད་དོ།། གསེར་ལས་གྲུབ་པའི་ཡུལ་དང
343a2 ལའང་།། དཔལ་རྒྱས་སེམས་དང་ལྡན་བྱས་ཏེ།། རྒྱས་པར་བྱ་བའི་སེམས་ཀྱིས་སུ།། དཀྱིལ་འཁོར་དམ་པ་བཤད་པར་བྱ།། དཀྱིལ་འཁོར་སྔ་མ་བཞིན་བྱས་ལ།། བ་ཡི་ཚིག་ཆག་བཏབ་བྱས་ཏེ།། རྣལ་འབྱོར་དམ་པ་བློ་ལྡན་པས།། ཐིག་འདི་གདབ་པ་རབ་ཏུ་བརྩམ།
343a3 གསེར་ལས་གྲུབ་པའི་ཐིག་སྐུད་ལ།། དཔལ་ལྡན་འཕེལ་བའི་སེམས་དང་བཅས།། སློབ་མ་དམ་པ་ལས་གྲུབ་པར།། བསམས་ལ་ཐིག་འདི་གདབ་པར་བྱ།། ཕོ་བྲང་གསེར་ལ་རྩེ་མོ་གཡུ།། རྡོ་རྡོ་རྩིག་པ་གསེར་ལས་གྲུབ།། གྲུ་ཆད་སྒོ་རྣམས་ལྕགས་ལས་གྲུབ།
343a4 རྣལ་འབྱོར་སྔགས་པ་བློ་ལྡན་པས།། ཐིག་བཞི་རེའུ་ཆ་བརྒྱད་དུ་འགྱུར།། མཐའ་ནས་ཐིག་གདབ་མན་དྲུག་ཅན།། དེ་ལ་སོགས་པ་བསམ་པར་བྱ།། རིན་ཆེན་སྐྱིལ་ཀྲུང་འདུག་བྱས་ལ།། དབུས་སུ་གསང་སྔགས་བདག་པོས་ཏེ།། ཕྱོགས་ཕྱོགས་སྒོ་བ་དམ་པ་རྣམས།།
343a5 བཞིན་དུ་བསྒོམས་ནས་ཀྱང་།། རང་སྔགས་སྐྱེས་བུ་དེ་བསྐྱེད་དོ།། ཨོཾ་ཨ་ཀྲོ་ཏ་ཀ་བུཥྚིཾ་བཱ་ལ་ན་ཧཱུ~ཾ། ཨོཾ་ཨ་ཀྲོ་པུཥྚིཾ་ཏི་བ་ཏ་ན་སྟྭཾ། ཞེས་བརྗོད་པས་བདག་པོ་ཡབ་ཡུམ་ལ།། འཁོར་རྣམས་འབྲུ་རེ་པ་ལས་སམ།། རང་ང་བསྐྱེད་པད་མ་པ་སྟེ།། སྔགས་དང་ལྡན་པར
343a6 ཏིང་འཛིན་གསལ།། བཞུགས་དང་བཏན་དེང་མཆོད་པ་དང་།། ཕྱག་བྱེད་པ་ལ་སོགས་པ་ཡི།། ལས་ཀྱི་བྱ་བ་མ་ལུས་པ~ཾ་།། ཐམས་ཅད་མ་ལུས་ཚང་བར་བྱ།། སྣོད་དང་གྲུབ་པའི་འབྲས་བུན།། རྣལ་བ་བརྟེན་ཏེ་བབ་མི་རིང་།། རང་བྲག་བྲས་བུ་རི་ལ་སོགས།
343a7 དུས་ཀུན་ནས་གཤེགས་པ་ཡི།། དངོས་གྲུབ་དམ་པ་རབ་སྟེར་ཞེས།། འདྲེན་པ་དཔའ་བོས་ཡང་དག་བཤད།། དེ་ནས་གཞན་ཡང་ང་བ་བཤད་པ།། དཀྱིལ་འཁོར་སྔ་མ་བཞིན་བྱས་ནས།། ས་ཞག་གསེར་ལས་གྲུབ་པ་ལ།། གཟུགས་ནི་དམ་པ་རབ་ཏུ་བྱ།། ཕྱི་གན་གན་དྷར




iiif viewer powered by OpenSeadragon

342b - 343b

Texts on this page

Gdg016.13 - 'phags pa 'jam dpal las bzhi 'khor lo gsang ba'i rgyud