| | e-texts navigator
|
342b1 བར་གྱུར་ཏོ།། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། གླེང་གཞིའི་རྩ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཞི་བར་བྱ་བ་འདི་ཆེད་དུ་བརྗོད་དོ།། རབ་ཏུ་དཀར་བའི་ཡུལ་དག་ལ།། མགུ་བའི་སེམས་དང་ལྡན་བྱས་ཏེ།། དང་བས།
342b2 མགུ་བའི་ལས་གྱིས་ཞེས།། བླ་མེད་རྒྱལ་བས་རབ་ཏུ་བཤད།། ས་གཞི་དཀར་བ་རབ་མཉམ་ལ།། གྲུ་བཞིར་ལྡན་པའི་དཀྱིལ་འཁོར་ལ།། ལྟེ་བར་བཅས་ཤིང་རྩིབས་བརྒྱད་པ།། མཁས་པས་བསྒྲིམས་ཏེ་བྲི་བར་བྱ།། དཀར་དང་ལྡན་པའི་ཟླ་བ་ལ།། གཅིག་ནས་གསུམ་ནས
342b3 མགོ་བཙུགས་ལ།། ཁམས་གསུམ་རབ་ཏུ་མགུ་བྱའི་ཕྱིར།། ཉམས་སུ་ལོན་པར་བསལ་བསྒྲུབས།། དབུས་སུ་ཡེ་ཤེས་བདག་པོ་ལ།། ཤར་དུ་ནག་འཇོམས་ཆེན་པོ་སྟེ།། སྒྱེ་རུ་ཡང་རྟི་ཞེས་བྱ།། ནུབ་ཏུ་ཁྲོ་བ་དམིགས་པ་ལ།། བྱང་དུ་བདུད་འཇོམས་དགོད་པར་བྱ།།
342b4 ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་།། བྱང་ཤར་མཚམས་སུ་དགོད་པ་ནི།། གླང་མགོ་ཁྲོ་ཚ་གཅོད་སྐྱོང་རྗེ།། ལས་གྲུབ་བརྒྱད་དེ་གོ་རིམས་བཞིན།། སྟེང་འོག་དམར་པོ་དྲག་དགོན་བསྒོམས་ཏེ་དགོད།། ཟླ་གམ་ལམ་མོ་གསུམ་རྣམས་སོ།། སྒོ་སྒོར་སྒོ་སྲུང་མ་རྣམས་བྲི།
342b5 དེ་ཡི་ཡུམ་དང་བཅས་པ་རྣམས།། ཁྲོ་བོ་ཉིད་དང་སུ་མཐུན་པའོ།། སེམས་དཔའི་འདུག་སྟངས་གནས་བྱས་ལ།། སྒེག་མོ་གཡོན་དུ་བསྟེན་བྱས་ལ།། སྔགས་གཡོག་མཛེས་པར་ཚོགས་བྱས་ལ།། མགུ་བའི་ཕྲིན་ལས་བརྩམ་པར་བྱ།། སྐེ་ཚེ་ཐལ་བ་རུས་པ་ལ།།
342b6 ཛམྦྷ་ལ་ཡི་གཟུགས་ལྟ་བུར།། བྱས་ལ་སྙིང་གུར་བྲི་བརྟི།། ཨ་མ་པ་ལཱ་སི་ཏི་འམ།། གང་འདོད་པ་ཡི་ཡི་གེ་དེ།། ཕཊ་དཱང་སྭཱ་ཧཱས་དཱམ་ལྡར་བྱ།། མིང་བྱང་གོང་ལྟར་བྲི་བྱས་ལ།། གང་ལྟར་འཚམ་པ་བཞིན་དུ་བཞག། དེ་ལ་འདི་ཡང་རབ་ཏུ་བརྗོད།། ཨོཾ་ཨ
342b7 པོ་བཛྲ་རྟེན་གབརྡས་ཧཱ། ཨོཾ་ཨ་ཀྲྀ་ཏ་ཀི་ཤཱདྷི་བ་ལ་ཆུ་ཞེས་བརྗོད་ལ་སྙིང་གར་བརྩུབ་ན། ཐམས་ཅད་མགུནས་དང་པའི་སེམས་ཀྱིས་ཞི་བར་འགྱུར་རོ།། དེ་ན་སཞི་བའི་ལས་བྱས་ཟིན་ནས། ཕྱུགས་བཅུའི་གདྲུག་པའི་བར་བྱ་སྟེ། བདག་ལ་མེ་དཔའ
iiif viewer powered by OpenSeadragon
342a - 343a