e-texts navigator
Collection
Volume
Page
Wylie

341b1 ཚོར་གཅད་བྱེར།། ཆོས་ཉིད་སྒྱུམ་ལྟ་བུ་སྦྲུལ་ནས་ཕྲིན་ལས་མཛང།། ཅེས་གསུངས་པས། འཁོད་རྣམས་མན་དྲ་ཀྲུར་ཏེ། འདིས་ད་། ཨ་མང་ནཱ་བ་ཡན་ཏན་ལྡན་ལདྷ་པ་ལྔ།། ང་གས་ལར་བསྟན་པ་འདི་ལྟ་བ།། ངོ་མཚར་རྨང་བྱུང་སྦལ་པ་འངས
341b2 རབ་ཏུ་མི་སྨན་འདུལ་པོ་ངོ་མཚར་ཆེ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་བསྔལ་བར་འདི་སྐད་ཅེས་གསུངས་སོ།། ཁྱད་པར་རིམ་པར་བསྟན་པའི་ཁྲོ་གཉེར་ནི།། ཡེ་ཤེས་དབྱིངས་ཀྱིས་ཀུན་ལ་ཁྱབ་པར་སྟོན།། ཁྲོ་བོ་བཞི་དང་བརྒྱད་དང
341b3 ལ་སོགས།། སྟོན་པ་མཆོད་ཕྱེར་ཁྲོ་བོ་མང་པོ་བསྟན།། ངང་ཁྲོ་ཀུན་ཁྱབ་ཐུགས་ཁྲོ་དང་དང་འདུལ་བ་ཡི།། བྱེ་བྲག་སོ་སོར་རབ་ཏུ་ཤེས་བྱ་ལ།། མཚན་མ་དྲག་པོ་ཞི་བ་དབང་དང་རྒྱས།། གོ་རིམས་བཟློག་སྟེ་རབ་ཏུ་བཤད་པར་བྱ།། ལྟེ་བར་བཅས་པའི་རྩིངས་ཅན་ལ།། འཁོར
341b4 པ་གཟོད་བྱེད་རྗེ་མོ་ཅན།། གྲཝ་གསུམ་ཨེ་ཡཾ་ཕོ་ཟང་ས།། ཟླ་ག་མ་ནུ་མྱ་གསུམ་དབང་གི་ཚུལ།། མ་ཁྱུང་དང་ཅན་རྒྱས་བགྱི།། རྣམ་བཞིར་ལྡན་པའི་འཁོར་ལོ་ལོ།། རབ་ཏུ་མཛེས་པའི་ཐིག་གདབ་བོ།། དབུས་སུ་མ་ཧེའི་ཞིང་གདན་ལ།། ཀྱེ་དབུས་ཞིང་ཀྱར་རོར་རོ།།
341b5 རུས་པ་ཚོགས་ཀྱི་དབང་རླབས་བྲག་ཏུ་སྲུངས།། རཀྟ་ཁྲག་གི་དབའ་ཀློང་མཚོ་ལྟ་བུ།། གནམ་ལྗགས་དྲར་མོ་རབ་ཏུ་ཏ་ལ་ལ།། ངུར་ཁྲོད་རབ་ཏུ་བརྒྱན་པ་དེ་བཤམ་མོ།། དབུས་སུ་ཁྲོ་རྒྱལ་གཤིན་རྗེ་གཤེད།། སུ་ནི་ནག་པོ་དྲུག་འདྲ་ལ།། དགྲ་གསུམ་དཀར་དམར་མཆི
341b6 པ་སྟེ།། རལ་བ་ཁམ་ནག་སྲིད་རྩེར་འབར།། རྩེ་ལ་མེ་འབར་རྐེད་ནས་ཞག་ཀྱང་འཇོག། རྩ་བ་ཆུ་སྔོ་སྣང་མིག་རབ་ཏུ་བགྲད།། ཕྱག་དྲུག་ཕྱག་མཚན་བསྡམས་པའི་ཐོར་ཚུགས་ནི།། སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས།། དུང་ཆེན་མ་རུང་བུད་གསལ་ཤིང
341b7 གཡོན།། ཞབས་བཞི་ཐུར་དུ་བསྟན་པ་ནི།། བརྐྱང་བསྐུམ་ཚུལ་གྱིས་འགྲོ་བ་དབང་དུ་སྲུང་།། མུ་སྟོད་གླང་ཆེན་ཀོ་བ་ཞིང་བྲག་ལ།། སྐུ་སྡུད་སྟག་སྟེ་ཤམ་ཐབས་ཚམ་ངམ་ཅན།། ཨོཾ་ཡི་ཕོ་བྲང་དབུས་སུའོ།། ཡུམ་ཡང་ཡབ་དང་སྤུ་མཐུན་ཏེ།། ཕོ་བྲང་དབུས་སུ




iiif viewer powered by OpenSeadragon

341a - 342a

Texts on this page

Gdg016.13 - 'phags pa 'jam dpal las bzhi 'khor lo gsang ba'i rgyud