e-texts navigator
Collection
Volume
Page
Wylie

340b1 པ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཆེན་པོ་ལ་འདུད་པའི་ཚུལ་དུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་བཙུན་མོ་དང་གཉིས་སུ་མེད་པར་གྱུར། སྐྱེ་འགག་དང་བྲལ་བའི་དོན་འདི་སྟོན་ཏེ།། ཡེ་ནས་མ་གྱེས་གཤིན་རྗེ་ཆེན་པོའི་ཚོགས།། རྣམ་དག་དབྱིངས་ཀྱི་རང་ཉིད་རྣམ་པར་དག་པ་ལ།། ག
340b2 མེད་འདུས་པའི་སྲས་མཆོག་གཤིན་རྗེ་གཤེད།། ཐབས་དང་ཤེས་རབ་རྣམ་པར་དག་པ་ཡི།། ཀུན་གྱི་ཡེ་ཤེས་ཐམས་ཅ་དང་ངུས་པ་སྟེ།། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛོད་པ།། སེམས་ཅན་མ་ལུས་མྱ་ངན་འདས་པའི་ལམ།། ཡེ་ཤེས་ཐམས་ཅད་དེ་ཡི་དང་ལ་རྫོགས།། འཁོར་པའི་ཉེས་སྐྱོན་ཐམས་ཅད་ཅ
340b3 གཅད་ཕྱིར།། འདོད་ཆགས་འདུས་པའི་དཔལ་ལྡན་ཀར་གྱི་བདག། བྱེ་བ་ཕྲག་བརྒྱ་དཔག་ཏུ་མེད་པར་ཡང་།། འདུལ་བའི་དབང་གིས་དེ་ལྟ་བུ་ཡི་གཟུགས་སུ་བསྟན།། ཞེས་གསུངས་པས་འཁོར་གྱི་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་ཐམས་ཅད་མགུ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་འཇམ་དཔའ་གཏིན་རྗེ་གཤེད་ཆེན་པོ་ལ་འདི
340b4 སྐད་ཅེས་གསོར་བ་བཏང་ངོ་པོ།། སེམས་ཅན་འཁོར་བས་གདུངས་པ་ལ།། མྱ་ངན་འདས་པའི་ལམ་མཆོག་བསྟན།། བསྟན་པ་དམ་པ་འདི་གསུངས་པས།། ཐམས་ཅད་སྒྲོལ་བ་རོ་མཚར་ཆེ།། ཞེས་གསོལ་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡུམ་དང་གཅིག་ཏུ་འདུམ་ཏེ། འདི་སྐད་ཅེས
340b5 གསུངས་སོ།། སྤྲུལ་པའི་སྐུ་དག་ཚད་མེད་དཔག་ཏུ་མེད།། ཐུན་མོང་མ་ཡིན་འཇམ་དཔལ་གཤིན་རྗེ་གཤེད།། ལུ་གསུང་ཐུགས་ཀྱི་ཕྲིན་ལས་རྨད་དུ་གྱུར་།། མི་དགེ་བཅུ་དང་མཚམས་མེད་ཚར་གཅད་པ།། ཟུག་རྔུ་མི་མངའ་ཆོས་ཉིད་རྨད་པོ་ཆེ།། ཆོས་ཀྱི་སྐུ་དང་ལོངས་སྤྱོད
340b6 རྫོགས་པའི་སྐུ།། སྤྲུལ་པའི་སྒྲ་དང་གསུམ་ནི་དོན་དམ་ཀུན་ཏུ་སྦྱོར།། ཕྱོགས་བཅུ་བདེ་བར་གཤེགས་པ་ཐུགས་ཀྱི་དཔལ།། ཡང་དག་ཡེ་ཤེས་དཔལ་ཡིན་འཇམ་དཔལ་ཡིན།། ཞེས་བསྟོད་དེ་གཉིས་སུ་མེད་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས
340b7 པ་དམ་པ་དེ་ལ་འཁོར་གྱིས་དེ་བཞིན་དུ་གསོལ་བ་ལ་དགྱེས་ཏེ། འདི་སྐད་ཅེས་གསུངས་སོ།། ཞི་བ་གཉིས་མེད་ཆོས་ཀྱི་དང་ཉིད་ལས།། སྙིང་པོ་གཉིས་མེད་བྱང་ཆུབ་སེམས་པའི་དོན།། ཐམས་ཅད་འདུས་པའི་བླ་མེད་དམ་པ་སྟེ།། དེ་བཞིན




iiif viewer powered by OpenSeadragon

340a - 341a

Texts on this page

Gdg016.13 - 'phags pa 'jam dpal las bzhi 'khor lo gsang ba'i rgyud