e-texts navigator
Collection
Volume
Page
Wylie

337b1 ཤག་ཟད་། དགྲབ་འབྲོག་ལགཟེར་ཐུན་བླན་ནང་། དགྲ་ཟའ་སྲོག་ལ་མཱ་ར་ཡ་ཐཱནཱ་རྦད། སྐྱ་རེངས་བརྣག་པའི་ཡུལ་ལ་འཕང་།། མཚོ་དགུ་གླིང་གྱུར་ལ་དབབ།། ཆུ་སྲོག་དྲག་པར་སྦྱོར་བ་བྱ།། སྲོག་དམར་ལེན་སུ་གྲོའི་རྒྱུད་ལས་བསྟོད་པ་ཟར་གྱི་ལེང་སྟེ་ཐ
337b2 ཐབ་པཿ།། དེ་ནས་བཅོམ་ལྡན་འདས་ཀྱིས་བདེ་བའི་ཡེ་ཤེས་རང་ལ་འཆར་བའི་དོན་འདི་གསུངས་སོ།། བདེ་བའི་གནས་ལ་དང་གནས་པ།། ལུས་སེམས་བགད་ལ་མཉམ་གནས་ལ།། མ་ཡེངས་མ་བསྐྱོད་རང་སར་གནས།། སྒྲ་མེད་བརྗོད་བྲལ་ཚིག་བྲལ་སྟོང་།
337b3 རང་སེམས་མ་བཅོས་གཉུག་མར་གནས།། སྒོ་ཞན་གཟུང་བའི་རིམ་པ་ཡི།། ལུས་ལ་སེམས་འཕྲོག་ཡེ་ཤེས་ཏེ།། མ་བསྐྱོད་མ་བསླང་སྤྲོས་མེད་པ།། མ་བཅོས་ཆོས་ཀུན་ལྷག་པར་གནས།། བདེ་བ་རང་ཉམས་བརྟན་པ་ཡིན།། ཆོས་དབྱིངས་བསྐྱོད
337b4 མེད་པའི་དང་།། རང་བྱུང་རྒྱལ་པོ་བདེ་ཆེན་ཉིད།། སངས་རྒྱས་ཀུན་པས་སྔར་སངས་རྒྱས།། ཡིན་པ་མེད་པར་གྲུབ་གསལ་བ།། སྣང་བ་ཆོས་སྐུ་ལྡན་གྲུབ་ཡངས།། བྱུང་ཚོར་ཡེ་ཤེས་རང་རིག་གསལ།། བྱ་མེད་བགྲོད་ཟབས་བསམ་ཡས་པ།། རྟག་པརྣ་མི
337b5 སྟོང་པ་ཉིད།། ཀྱེ་མེད་རྣམ་དག་ཀུན་གྱི་དང་ས།། བདེ་ཆེན་ཉིད་ལས་གཞན་མེད་པཛོ།། སྲོག་དམར་ལེན་ལྔ་གྲོའི་རྒྱུད་མ་སེ་བས་མ་ག་ཏུང་རང་གྲོལ་གྱི་ལོ་ཛྲ་སྟེ་བཅུ་གཅིག་པ། ཏྲས་རྦ་ཛཿ།། དེ་ནས་རིག་པ་རྒྱད་པར་ཅན་ཤེས་སྟན་ལས་ལངས་ན་ངོམ
337b6 འདས་ལ་གསོལ་པ། སྙིང་པོ་དོན་གྱི་རྒྱུད་འདི་ལ་བཤད་པ་རེ་ཡན་ལག་དུ་དང་ལྡན། ཆེ་བའི་ཡོན་ཏན་གང་ལྟར་ལེགས།། བདེ་བ་ཆེན་པོས་བཤད་དུ་གསོལ།། ཞེས་ཞུས་པས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་བདེ་བ་ཆེན་པོ་དེས། ཆོས་ཉིད་ཁོ་ནའི
337b7 ལས།། ཡན་ལག་དང་པོ་རྒྱས་པར་གསུངས་སོ།། རྒྱུད་ཀྱི་རང་བཞིན་དགོས་འབྲེལ་ཡིན།། འབྲེལ་པ་རང་བྱུང་རང་རིག་ལས།། འབྲམ་བུ་སངས་རྒྱས་ལམ་གྱིས་འབྲེལ།། ལམ་ཞེས་བྱ་བ་གཉིས་ཡིན་ཏེ།། ཞི་བ་བྱང་ཆུབ་ལམ་གསུམ་དང་།། དམོད་པ་ཐག




iiif viewer powered by OpenSeadragon

337a - 338a

Texts on this page

Gdg016.12 - dpal tshe bdag nag po'i rguyd/ drag sngags kyi de kho na srog dmar len gyi spu gri