| | e-texts navigator
|
309b1 དེ་ནས་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཐམས་ཅད་འབྱུང་ཞིང་ལས་ཀྱི་གཟེར་ཐུན་དྲག་པོ་བྱས་པར་བྱ་བའི་ཕྱིར། བཙུན་མོ་ཆོས་ཀྱི་དབྱིངས་ཀྱི་བྷག་ལ་སྙོམས་པར་ཞུགས་ཏེ་ཡེ་ཤེས་བཞི་དང་སྒྲ་གསུང་ཐུགས་ལས། ཡ་མ་རཱ་ཛ་དང་། མྱོས་བྱེད་འབར་བ་དང་། ཨཱརྱ་དམང་པོ་དང་།
309b2 ཆེར་དགུ་དང་བཞི་མངོན་དུ་ཕྱུང་སྟེ། དེ་ཉིད་དྲེགས་པ་འདུལ་ཞིང་ཟིལ་གྱིས་གནན་པའི་ཕྱིར། ཡ་མ་རཱ་ཙ་དང་། ཕྱག་ན་རྡོ་རྗེ་དང་། རུས་སྐལ་མི་ཟན་དང་། ཡེ་ཤེས་བྱ་བྱུང་དང་བཞིར་གྱུར་ཏོ།། འབྱུང་བའི་བོར་འཛིན་པ་ཉིད་དག་ནས།། དང་ས་མ་ཡེ་ཤེས་ཆེན་པོ་བརྡར
309b3 གོལ་ཏེ། ཕྱག་རྒྱའི་སྐུ་ལཇིགས་པར་གྱུར་ཏོ།། སྤྲུལ་བ་རྣམ་པ་གསུམ་ཏེ། སྐུའི་སྤྲུལ་བ་འཆི་བདག། གསུང་གི་སྤྲུལ་པ་ཐོག་པདག། ཐུགས་ཀྱི་སྦྲུལ་བཚོ་བདག་སྟེ། གཙུག་པ་ཅ་འདྲལ་བར་གྱུར་ཏོ།། གཤེད་ཆེན་པོ་བཞི་པས། ལས་གྱི་སྙན་པ་བཞི་སྤྲུལ་ཏ།
309b4 གཤེད་སུམ་པརྒྱ་དྲུག་ཅུས་ཕུང་པོ་ལ་དབང་བསྒྱུར་རོ།། མོགཤེང་བདུད་མལ་ཞེས་མོ་གཤེདསམ་བཅུ་དྲུག་རྔུས་འབྱུང་བ་ལ་དབང་བསྒྱུར་རོ།། དེ་ལྟང་གི་ཤི་རྗེ་བདུན་འཕྲུལ་སོགས་པ། འཇིག་རྟེན་པའི་དྲེགས་པ་ཅན་ཐམས་ཅད་ཀྱིས་དཔའ་ལྕག་ཏུ་ཆེན་པོ་ཟིལ་གྱིས་གནན
309b5 ཡ.ཱནྟ་ཀ་ལ་ཡོངས་སུ་བསྐོར་ཏེ། རོལ་བ་ཆེན་པོ་ལས་ཀྱི་དཀྱིལ་འཁོར་དུ་འཁོད་པར་གྱུར་ཏེ་བཞུགས་སོ།། དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་གསུང་སོ།། སྣང་སྟོང་གཉིས་མེད་ཡེ་ཤེས་སུ།། ཐིག་ལེ་ཉག་གཅིག་སྤོས་དང་བྲལ།
309b6 མེད་རྣམ་དག་པདེ་ཆེན་སྐུ།། འགག་མེད་བདེ་ཆེན་ཀློང་གདལ་བའི།། བརྡ་དང་བྲལ་བའི་ཆོས་ཉིད་ལ།། ཆགས་དང་བྲལ་གྱིས་གྲུབ་པའོ།། ཞེན་ཆགས་གཟུང་འཛིན་ཏོག་དཔྱོད་འདས།། གཉིས་མང་དོན་དམ་ཆོས་ཀྱི་སྐུ།། རྒྱུ་དང་རྐྱེན་ལས་སྒྲུབ་པ་མེད།། ཀུན་གྱི་རང་བཞིན
309b7 དངོས་མེད་པ།། ཡོན་ཏན་མ་ལུས་སུན་འབྱུང་བའི།། དེ་ཉིད་ཏོག་མེད་བརྗོད་དེང་ཐལ།། དུག་ལྔ་ཡེ་ཤེས་ལྔ་ཡི་སྐུ།། ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཉིད།། སྟོང་པ་ཆེན་པོའི་ངང་ཉིད་ལས།། རང་སྡང་རོལ་པའི་ཕྱག་རྒྱར་གསལ།། ལས་དང་སྦྱོར་བ་དུ་མ་ཀུན།། སྒྱུ་མ་ལྡན
iiif viewer powered by OpenSeadragon
309a - 310a