e-texts navigator
Collection
Volume
Page
Wylie

308b1 གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་དཔའ་འཇིགས་བྱེད་མུན་པ་ཡཀྵཱཏྨ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཆུས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་། མཐའ་དབུས་མེད་པའི་ཕོ་བྲ་སཾ། སུ་ཡོངས་སུ་མ་ཆད་པའི་ཡེ་ཤེས་ལྡན་གྱིས་གྲབ་།
308b2 གཞལ་ཡས་ཁང་ན། བཅོམ་ལྡན་འདས་སུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། སངས་རྒྱས་ཀུན་གྱིང་པོ་རྡོ་རྗེ་འཆང་ཆེན་པོས། སངས་རྒྱས་ཀུན་གྱི་རང་བཞིན་ཆོས་ཉིད་ཅི་ཡང་མ་ཡིན་པ་ཞེས་བྱ་བ་མཉམ་པ་ཆེན་པོའི་ངང་ལ་སྒོམས་པར་ཞུགས་སོ།། དེ་ཉིངས་བསྒྲིབས
308b3 དབྱིངས་ལ་གནས་པའི་ཡེ་ཤེས་དང་། ས་དང་ལམ་ལ་གནས་པ་རྣམས་དང་། ལྷ་དང་མཁའ་འགྲོ་རིག་པ་འཛིན་པ་རྣམས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་པ་དང་། འཇིག་རྟེན་དྲེགས་པའི་གཙོ་བོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་དེའི་དུས་ན་འཁོར་དེ
308b4 དགྲ་གི་ནང་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཧོ།། སངས་རྒྱས་ཀུན་གྱི་རང་བཞིན་རྡོ་རྗེ་འཆང་།། ཆོས་སྤུ་ཐུགས་རྗེ་ཆེན་པོས་ཀུན་ཟབ་ཀྱང་།། མ་རྟོགས་སེམས་ཅན་ཟགས་རྗེས་བསྒྲལ་བའི་ཕྱིར།། མི་ཏོག་དབྱིངས་ལས་རྫོགས
308b5 པའི་གྲཝར་བཞེངས་ལ།། མཉམ་པའི་ངང་ལས་འགྲོ་བའི་དོན་མཛོད་ཅིག། ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཉིད་མི་རྟོག་པའི་དབྱིངས་ལས་རོལ་པ་ཆེན་པོའི་ཐུགས་རྗེའི་ཆགས་པས་སྲུང་བཞེངས་ཏེ། དྲེགས་པ་ཅན་དབང་དུ་བསྡུ་ཞིང་འདུལ་བའི་ཕྱིར། ཕྱག
308b6 ན་པོ་ཟིལ་གྱིས་གནོན་པའི་སྐུར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་སྔགས་འདི་དག་ཆེད་དུ་གསུངས་སོ།། སྱེ་ཨེ་སྱེ། ཨ་ཀྲོ་ཏེ་ཀ། ཡ་མཱནྟ་ཀ། ཡ་མ་ཡེ། ཀཱ་ལ་རཱུ་པ། ཀ་པ་ཡེ། ཧྲི་སྟི། ཨ་པ་ཡེ། ཨ་ཨ་ནེ། ཨ་ནེ། ཨུ་ཨུ་ནེ། ཨུ་ནེ། ཕུ་དུ་ནེ་དཱནེ
308b7 ཨ་སཱི། ཨུ་ཨེ། ཨོཾ་ཨེ། རེ་དྷི། ལགྣི། དུ་དུ་ཡཾ། བྱ་ཙམ། སཏྟ་ཡེ། ཏྲི་ད་ཡེ། དྷ་ད་ཡེ། ཙདྷཱ་ཡེ། ཧ་ལ་ཡ། པྲཱ་ཁ་ཡེ། ཨཱུ་ཨཱན། ཨཱུ་ཡཱུ་ནེ། བྱི་ཀྲིཏ། ཨཱ་ཨཱ། དྷཱ་ནཱ། ཡ་མར་མོ། ཡ་མད་ཀྠ། ཡ་མ་ག་ཨ། ཡ་མརཀྵ། བེཏྟཱ་ལི་རྲདྡྷི་ཤཏཱི། མ་མ་ཨཾ་ཀང་ཏེ། དམ?




iiif viewer powered by OpenSeadragon

308a - 309a

Texts on this page

Gdg016.9 - 'jam dpal gshin rje 'khrul 'khor nag po sdig pa snying 'dzings gsang ba'i rgyud