e-texts navigator
Collection
Volume
Page
Wylie

2b1 ཡེ་ཤེས་སྤྲུལ་ལྔའི་གཤེད་བཞི་ལ་སོགས་ཏེ། གཤིན་དེའི་འཁོར་ཚོགས་ཉིད་ལས་མི་གཞན་པ་དང་། ཉིད་ལས་གཞན་པའི་རིག་པ་ཁྱད་པར་ཅན་དང་། སྨོན་ལམ་གྱི་མོས་པའི་སྐལ་བརྫུན་ལ་ཕྱོགས་པ། དཔག་གིས་རྨི་ལ་བཏིལ་རྩེ་གང་བུ་བཞིན་དུ་གྲགས་ར།
2b2 དེ་ནས་འཇིགས་བྱེད་ཁྲག་འབྱུང་གི་རྒྱལ་པོ་ཡམཱནྟ་ཀ་དེས། ལྷ་མ་ལ་དབང་སྐུར་བའི་ཏིང་ངེ་འདྲོན་དང་། ཆོས་ཉིད་ཡུ་མ་ལ་དབང་སྦྱར་བའི་ཏིང་ངེ་ཛིན་དང་། གོ་འཕང་ཆེན་པོ་ལ་སྦྱོར་བའི་ཐབས་ཀྱི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་།
2b3 བྱམས་པ་ཆེན་པོའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། རྫུ་འཕྲུལ་ཆེན་པོའི་ཏིང་ངེ་འཛིན་དང་། རྗེས་སུ་སྟོན་པའི་ཆོ་འཕྲུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཐུགས་རྗེས་ཞེ་སྡང་སྒྲོལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་འདོད་ཆགས་སྒྲོལ་བ
2b4 ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱིས་གཏི་མུག་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་གྱིས་ང་རྒྱལ་སྒྲོལ་བའི་ཏིང་ངེ་འཛིན་དང་། འབད་པ་མེད་པའི་ཆོ་འཕྲུལ་གྱིས་ཕྲག་དོག་འཇོམས་པའི་ཏིང་ངེ་འཛིན་དང་། ཐུབ་པས་བདུད་རྣམས་འཇོམས་པའི་ཏིང་ངེ་འཛིན་དང་། དེ་རྣམས་པ
2b5 སྙོམས་པར་ཞུགས་སོ།། དེ་ཡི་འཛིན་རྟོག་དབང་གི་ནི།། འཇིག་རྟེན་གསུམ་པོ་རིམ་གྱིས་ཆགས།། འགྲོ་དྲུག་སེམས་ཅན་མ་ལུས་ལ།། དྲེགས་པས་རིམ་པར་དབང་བསྒྱུར་བ།། བསམ་པ་ལོག་པའི་བར་ཆད་བདུད།། ང་རྒྱལ་ཁེངས་པའི་གཤིན་རྗེ་དང་།། ཞེ་སྡང་གྱོས
2b6 པོའི་སྲིན་པོ་དང་།། དྲུག་གསུམ་རྒྱས་པའི་རྒྱལ་པོ་དང་།། ཕྲག་དོག་འདོད་ཆགས་མ་མོ་སོགས།། ཁམས་གསུམ་མ་ལུས་རིམ་གྱིས་བསྡུས།། བརྒྱལ་དྲེགས་པའི་གཟུགས་འཆང་བ།། གཟུགས་ཕུང་ཆེ་ལ་རྡོས་པ་དགས།། ང་རོ་རྗེ་ཞིང་གཏི་མུག་ཅན།། ལག་ན
2b7 མཚོན་ཆ་སྣ་ཚོགས་ཐོགས།། བྱམས་དང་སྙིང་རྡོའི་ལམ་དང་ཐལ།། ཆེ་བཙན་རྟག་པར་འཛིན་པའི་མཐུས།། ལོག་པའི་ལམ་དང་གོལ་བའི་སར།། བྱིན་ཅི་ལོག་ལ་ཡིད་ཆེས་པས།། ལས་སུ་མཚན་མའི་ཆོས་ལ་སྤྱོད།། སྲིད་པའི་ས་བོན་ནུབ་མོས་འཕངས།། དཀྱིལ




iiif viewer powered by OpenSeadragon

2a - 3a

Texts on this page

Gdg016.1 - dpal zla gsang nag po'i rgyud