| | e-texts navigator
|
272b1 གསོ་ཏོ།། ངད་ཀྱི་ས་ཉིད་པགས་དྲུང་།། གསུང་ཐུགས་པས་།། དུས་གསམ་སངས་རྒྱས་ཉིད་ལས་མེད།། སྲིད་པས་རྗེ་བརྒྱས་པར་མད་།། ཅེས་གས་པཏེ།། དེ་ནས་བཅོམ་ལྡན་འདས་དེ་ཀྱང་མན་པ་དང་། མརྟོག་པར་བྱུང་གི་དགོང་དུ་ཅུ
272b2 ལས་འོད་ཟེར་རྩེ་བ་ཟགས་ཡ་ཕྱོགས་བརྒྱར་བཀྱེའོ།། འོད་ཟེར་དེས་ཞིང་ཁམས་ཐམས་ཅད་དུ་སྣང་བས་ཁྱབ་པར་མཛད་ནས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བརྒྱད་དེ་སླར་བསྡུས་སོ།། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། ཆོས་ཐམས་ཅད་ཀྱིརྩ་བ། རྡོ་རྗེ་འ#
272b3 ཆེན་པ་ཉིད་དུ་བ་དནས་སྟེར་བ་ད་དག་དས་པར་གྱུར་ཏེ།། ཀུན་གྱི་བཔའི་གནསེ་ལ་གནས་པ།། ལ་མེད་པ་སེམས་སུལ་འན་ཆགས་ཐོག།། དེ་ནག་གི་ད་ལས་ཀྱི་ཐུག་གས་།། ན་བག་ཅིག་ལས་པཉིས་རྒྱང་།། བཅོ་བརྒྱད་བཞི
272b4 ཚེ་སྲོག་ཀུན་དབང་གཙོ་དང་འཁོར།། གཉིས་སུ་མེད་པའི་རང་བཞིན་དུ།། སྟོན་པས་འབྲས་བུ་ལྡན་གྲུབ་བཤད།། འདབ་བརྒྱད་དང་ས་མ་བཞི་དབུས་ན།། སྨྱོན་པ་རང་བཞིན་དེ་འཁོར་རྫོགས།། ལྷག་པའི་སྐུ་ལྔ་ཡེ་ཤེས་ལྔ།། རྩ་ལམ་འཁོར་ལོ་རིམ
272b5 བརྒྱད་གནས།། ལྷུན་གྲུབ་མཆོད་པ་རང་གནས་ཐིམ།། རིག་པའི་ཡེ་ཤེས་རང་ལས་འཆར།། སྟོན་པས་འབྲས་བུ་གཉིས་འགྲུབ་བཤད།། ཡུམ་གྱི་བྷ་ག་གསང་བའི་གནས།། རྣམ་བཞིའི་ཕོ་བྲང་ལྷུན་གྱིས་གྲུབ།། སྒོ་ཁྱམས་བྷ་ག་སྣ་རྩེ་ལ།། ཡོན་ཏན
272b6 ལྷན་གྲུང་རིན་པོ་ཆེ།། རྡོ་རྗེ་གསང་བའི་ལམ་སྦྱངས་ནས།། སྟོན་པའི་གཙོ་འཁོར་བསྟན་པའི་དུས།། མཉམ་རྫོགས་གཅིག་ཏུ་ལྷན་ཅིག་སྐྱེས།། བདེ་བའི་ཡེ་ཤེས་རྒྱན་ལམ་བཅད།། སྟོན་པས་གསང་བའི་སྒོ་ནས་བཅོད།། དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང
272b7 པོས་གསོལ་པ།། ཀྱེ་ཧོ།། རྡོ་རྗེ་འཆང་བཁྲོ་བོའི་རྒྱལ།། རྣམ་དག་ཆོས་སྤུའི་རང་བཞིན་ལས།། འགྲོ་བ་འདུལ་གྱིར་སྤྲུལ་སླར་བསྟན།། འཁོར་གྱི་དྲེགས་པ་ལོ་མོར་བསྟན།། དཀྱིལ་འཁོར་ཡོངས་སུ་རྫོགས་པར་མཛོད།། ཅེས་གུས་སོ།། དེ་ནས་བཅོམ་ལྡན་འདས
iiif viewer powered by OpenSeadragon
272a - 273a